R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༩༦བ
[A:༡༩༦བ] དབང་དུ་བྱའོ། །གཉིས་པ་དངོས་གཞི་ལ་བཞི་སྟེ། བཟླས་པའི་གྲངས། བཟླས་པའི་གོ་རིམ། བཟླས་པའི་དམིགས་པ། མ་གྲུབ་ན་སྤོགས་པའི་ཆོ་གའོ། །ཕྱི་མ་འདི་ལ་བསྙེན་པའི་བཟླས་པ། མི་འཁུ་བའི་བཟླས་པ། སྲོག་འཕྲོག་པའི་བཟླས་པ། སྲོག་གི་ཡང་ཏིག་བླང་བའི་བཟླས་པའོ། །འདིའི་དང་པོ་ལ་ཧཱུྃ་འཁོར་ཚུལ་དུ་བཟླས་པ། ཧཱུྃ་འཕོ་ཚུལ་དུ་བཟླས་པ། ཧཱུྃ་ཕྱེད་བཅད་དུ་བཟླས་པ། དངོས་གྲུབ་འབྱིན་པའི་ཚུལ་དུ་བཟླས་པའོ། །གཉིས་པ་རྒྱུན་གྱི་བཟླས་པ་ལ་གཉིས་ཏེ། བདག་དོན་ལྷ་ཉེ་བའི་ཚུལ་གྱི་བཟླས་པས། གནས་སྐབས་ལས་བཞི་སྒྲུབ་པའི་བཟླས་པའོ། །འདིར་བསྙེན་པའི་དོགས་དཔྱོད་ཅུང་ཟད་བརྗོད་ན། སྤྱིར་མགོན་པོ་འདི་ཉིད་ཀྱི་བསྙེན་པ་ལ། གཞིའི་བསྙེན་པ། དུས་རྒྱུན་གྱི་བསྙེན་པ། སྒྲུབ་པའི་བསྙེན་པ། ཁ་གསོའི་བསྙེན་པ་དང་བཞིའམ། བསྡུ་ལུགས་ཀྱི་གཉིས་སོགས་སུ་ཡོད་པའི་དང་པོ་གཞི་