R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༨༦ན
[A:༡༨༦ན] ལེན་མི་འདྲ་བའི་རྣམ་གཞག་བཤད་པའོ། །དང་པོ་གཏོར་མ་དབྱིབས་ཇི་ལྟར་བྱ་བའི་ཚུལ་ནི། དིང་སང་རྒྱུན་གཏོར་དུ་གྲགས་པ། དོན་ལ་བརྟེན་གཏོར་དུ་འགྲོ་བ་འདི་ལ་ཕྱག་ལེན་ཐུན་མོང་བ་ལ་རྡོ་རྗེ་ཆུའི་དམ་ཚིག་ནས་བཤད་པ་ལྟར་གཏོར་མ་ཟླུམ་པོ་ལྔ་ཚར་རམ་བདུན་ཚར་སོགས་དང་། ཡང་དམ་རྫས་གླང་རུ་མ་ཞེས་པ་གླང་གི་རྭ་རྩེ་བཅད་པ་ལྟ་བུའི་དབྱིབས་ཅན་དུ་མཛད་པ་ཡང་སྐབས་འགར་སྣང་ཞིང་། ཕྱག་ལེན་ཐུན་མོང་མ་ཡིན་པ་དམ་པ་ཀུན་དགའ་གྲགས་སོགས་ཀྱི་རྒྱུན། བདག་ཆེན་རྡོ་རྗེ་འཆང་དང་། ས་ལོ་ཆེན་པོ། སྔགས་འཆང་ཡབ་སྲས་རྣམས་ལ་བཀའ་བབས་པ་བརྒྱུད་པ་འདི་པའི་སྲོལ་ལ། ཡི་དམ་མཁའ་འགྲོ་སྤྱི་གཏོར་གཞི་བདག་གསུམ་པོ་ལ་ཟླུམ་པོ། མགོན་ཆེན་ལ་དཔལ་བཤོས་ཟུར་གསུམ་པ། ལྷ་མོ་ལ་དེ་དང་འདྲ་བ། ཞལ་ལ་སྟོད་ཟུར་གསུམ་ཆེ་བ་གཅིག་ལ། ཆུང་བ་བཞིས་བསྐོར་བ། པུ་ཏྲ་ལ་ཟུར་