R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༨༥ན
[A:༡༨༥ན] པར་གདོང་བཞི་པའི་རྗེས་སུ་འབུལ་བའམ། ཡང་ན་ལྕམ་དྲལ་གྱི་གཏོར་སྔགས་ཀྱི་རྗེས་ལ་ཨ་ལི་ཨ་ལི་མ་སོགས་ཀྱིས་ཕུལ་ཀྱང་ཤིན་ཏུ་ལེགས་ཤིང་ཐུན་མོང་མ་ཡིན་པའི་ཕྱག་ལེན་ཡིན་ནོ། །པུ་ཏྲ་སོགས་ལྕམ་དྲལ་དང་ལྷན་ཅིག་ཏུ་བསྐྱེད་ནས། ལྕམ་དྲལ་གྱི་རྗེས་ལ་གཏོར་མ་ཕུལ་བས་ཆོག་པ་ནི། ཡར་ལུང་པའི་གཏོར་ཆོག་ཡི་གེ་ལས་ཀྱང་གསལ་བར་བཤད་པས་ཕྱག་ལེན་འཁྲུལ་པ་མེད་དོ། །ས་པཎ་ཡན་ཆད་དུ་ལྕམ་དྲལ་གཉིས་ཀྱི་མཚམས་ནས་པུ་ཏྲའི་གཏོར་མ་འབུལ་ཡང་། དིང་སང་གདོང་བཞི་པའི་འོག་ཏུ་འབྱུང་བ་ནི་འཕགས་པ་རིན་པོ་ཆེ་ནས་བྱུང་བ་ཡིན་ཏེ། དེ་ཉིད་རྒྱ་ནག་ཏུ་བཞུགས་དུས་སྐབས་ཤིག་པུ་ཏྲ་ལ་ལས་ཤིག་བཅོལ་བས་ཡུན་རིང་མ་འགྲུབ། དེ་ནས་གདོང་བཞི་པ་ལ་བཅོལ་བས་འཕྲལ་དུ་འགྲུབ་པ་བྱུང་བས། དེ་མན་ཆད་དུ་ལས་མགོན་གྱི་སྔོན་ལ་གདོང་བཞི་པ་ལ་འབུལ་བར་མཛད་པ་ཡིན་ནོ་ཞེས་