R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༨༠བ
[A:༡༨༠བ] མི་སྣང་བར་གྱུར་པས་སྒྲུབ་པའི་འབྲས་བུ་མངོན་སུམ་དུ་ཐོན་པའི་རྨི་ལམ་དུ་ཆོས་སྐྱོང་རྣམས་ཞལ་ཕོ་འདོན་པ་སོགས་འབྱུང་སྟེ། དེ་འདྲའི་ལས་གྲུབ་པའི་གཡུལ་སྟོན་དང་འདྲ་བར། སྲུང་མ་རྣམས་ལ་གཏང་རག་མངའ་གསོལ་བྱེད་པ་དང་། དེ་དག་གི་སྐབས་སུ་འཕྲལ་དཔེས་ཀྱི་འགྲོ་མཚམས་གཟབ་དགོས་པ་ལྟར། བོགས་འདོན་གེགས་སེལ་གནད་ལ་མཁས་པ་ནི་མེད་ཁ་མེད་ཀྱི་མན་ངག་དམ་པའོ། །བསྙེན་པ་ལས་སུ་རུང་བའི་གང་ཟག་གིས། །བསྒྲུབས་པའི་རྟགས་དང་མཚན་མ་ངེས་བྱས་ནས། །ལས་སྦྱོར་ཉམས་སུ་ལེན་འདི་སརྒ་འམ། །གོ་རིམ་འཁྲུལ་པ་མེད་པའི་མན་ངག་གནད། །བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །གསུམ་པ་རྙེད་བཀུར་ལྷ་འདོད་ཡོན་ལ་ལོངས་སྤྱོད་པ་ལྟ་བུའི་དཔལ་འབྱོར་གྱི་རྒྱུན་མ་ནུབ་པ་ནི། དེ་ཡང་ལྷ་རྣམས་འདོད་ཡོན་ཆེ་ཞིང་དཔལ་འབྱོར་གྱི་བདེ་བས་རང་གཞན་ཀུན་འཚོ་བ་ལྟར། སྒྲུབ་པ་པོས་ཀྱང་རང་གི་ཆོས་སྐྱོང་ལ་ཚོགས་དང་།