R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༧༤བ
[A:༡༧༤བ] དཔོན་པདྨ་སྟེ་བརྒྱུད་པའི་སྲོལ་གཉིས་ཀྱི་མན་ངག་གཙོ་བོ་ཐུན་མོང་མ་ཡིན་པའི་གསང་བའི་སྦགས་སྒྲུབ་མཁའ་འགྲོ་ལྷ་བརྒྱད་འདི། རྗེ་བཙུན་ས་སྐྱ་པ་ཡབ་སྲས་ཀྱི་ཐུགས་དམ་གྱི་ཉིང་ཁུ་ཟབ་པའི་ཡང་ཏིག་རྟགས་འཕྲལ་དུ་མངོན་སུམ་སྟོན་པའི་ལག་ལེན་རྒྱུན་མ་ཆད་པ་ཡིན་ནོ་ཞེས་བླ་མ་རྣམས་གསུངས་སོ། །དེ་ལྟ་བུའི་སྦགས་སྒྲུབ་ཀྱི་ཡིག་སྣ་ལ། ས་ཆེན་གྱི་སྦགས་སྒྲུབ་ཆེ་ཆུང་དང་། ཁའུ་པ་འོད་ལྡན་དཔལ་གྱིས་མཛད་པ་ཤིན་ཏུ་ལེགས་པ་དང་། གཞན་ཡང་ཡིག་རྙིང་མལ་ལོས་མཛད་པའི་ལྷ་བརྒྱད་ཀྱི་བསྙེན་ཐབས་དང་། དེ་ལ་མཁོ་བའི་བསྒྲུབ་པ་དང་། ལས་སྦྱོར་གྱི་ཡི་གེ་མལ་གྱི་དབོན་པོ་བློ་གྲོས་སེང་གེས་མཛད་པ་སོགས་ཡོད་ལ། མུས་སྲད་པ་སོགས་ཁ་ཅིག འོད་ལྡན་དཔལ་གྱི་སྦགས་སྒྲུབ་འདི་དམ་པས་མཛད་པ་ཡིན་ཟེར་བ་སོགས་ནི་མི་འཐད་དེ། མགོན་པོའི་མན་ངག་ཚིགས་བཅད་མ་བླ་ཆེན་བསོད་བློས་མཛད་པ་ལས། རྐྱང་སྒྲུབ་རྣམ་གཉིས་