R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༧༡ན
[A:༡༧༡ན] ལ་ནི། དམ་པས་མཛད་པའི་རྣམ་སྤྲུལ་གཎྜེ་སྒྲུབ་པའི་ཡི་གེར། སྐུ་གསུང་ཐུགས་ཀྱི་སྒོ་གསུམ་ལས་སྤྲོ་ཚུལ། དེའི་སྒོ་ནས་ལས་ལ་སྦྱོར་ཚུལ་སོགས་ཞིབ་པར་བཞུགས། དིང་སང་ཤོག་རིལ་བཅུ་པར་གྲགས་པའི་ནང་ན་ཡོད་པའི་གཎྜེ་སྒྲུབ་པའི་ཤོག་རིལ་ཞེས་པ་འདི་དང་ཡེ་མི་གཅིག་པས་འཁྲུལ་པར་མི་བྱའོ། །བཤན་པ་དམར་ནག་ནི་མགོན་པོ་འདིའི་མངོན་སྤྱོད་ཀྱི་ལས་མཁན་མེད་མི་རུང་ལྟ་བུ་ཡིན་ཞིང་། འདིའི་སྒྲུབ་ཚུལ་གྱི་ཡི་གེ་སྦས་པའི་རྣལ་འབྱོར་པ་བར་སྡིང་པ་བཛྲ་དྷྭ་ཛས་མཛད་པ་ཡོད་དོ། །གཉིས་པ་སྦགས་སྒྲུབ་ལ། རྗེ་རྩེ་མོས་ལོ་རྒྱུས་ཀྱི་ཡི་གེར། ལྕམ་དྲལ་དུ་བསྒྲུབ་པ་མན་ངག་གི་ལུགས་ཡིན། ཞེས་གསུངས་པ་ལྟར། དཔེར་ན་རྗེ་བཙུན་བི་རུ་པ་ནས་རྗེ་ས་ཆེན་གྱི་བར་སྙན་བརྒྱུད་དུ་བྱོན་པ་ལ་ཀྱཻ་རྡོ་རྗེ་མན་ངག་ལུགས་སུ་འཇོག་པ་ལྟར། འདི་ཡང་བྲམ་ཟེ་ཆེན་པོས་