R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༧༠ན
[A:༡༧༠ན] ཏྲ། བདུད་པུ་ཏྲ། རྐྱལ་འབུད་མོན་ཆུང་པུ་ཏྲ་དང་གསུམ་ཡོད་པས་མ་ནོར་བ་གལ་ཆེ། དང་པོ་ནི། མིང་སྲིང་གསུམ་གྱི་ནང་ཚན་པུ་ཏྲ་ཡོངས་གྲགས་འདིའོ། །གཉིས་པ་ལ་བདུད་པུ་ཏྲའི་སྒྲུབ་ཐབས་བཤན་པ་རོ་ཁུར་ཞེས་བྱ་བ་ཡོད། གསུམ་པ་རྐྱལ་འབུད་ཀྱི་རྩ་བའི་ཡི་གེ ལག་ལེན་གྱི་ཞལ་གདམས། ལས་སྦྱོར་གྱི་ཞལ་གདམས་ལོ་རྒྱུས་དང་བཞི་ཡོད་པ་སྙན་བརྒྱུད་པོ་ཏི་ན་བཞུགས་པའོ། །ཞེས་གསུངས་སོ། །དེ་དག་གིས་ནི་རྗེ་ཚར་ཆེན་གྱི་མགོན་པོའི་ཆོས་སྐོར་གྱི་དྲི་བ་ལྷག་བསམ་རབ་དཀར་ལས། འཁོར་རྐྱང་སྐབས་སུ་ཟངས་གྲི་རྣམ་གཉིས་དང་། །པུ་ཏྲ་རྣམས་ལ་ཕྱི་ནང་གསང་གསུམ་གྱི། །ལས་མཁན་དག་ཏུ་འདོགས་པའི་རྒྱུ་མཚན་ཅི། །རྐྱང་འབུད་མོན་ཆུང་པུ་ཏྲ་འདི་ཡིན་ནམ། །ཞེས་པའི་དོན་ཡང་གསལ་བར་བྱས་པ་ཡིན་ལ། བྲན་བདུད་ནི་མལ་ལོ་ཙཱ་བ་ལ་རྗེ་ས་ཆེན་གྱིས་ཞུས་པ། དོ་པ་སྟོན་