R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༦༩ན
[A:༡༦༩ན] ལས་ལ་བསྔགས་པའི་ལུགས་ཡིན། གཞན་གནོད་སྦྱིན་ཡབ་ཡུམ་དང་ལས་མཁན་མིང་སྲིང་ནི་ནང་ངམ། གསང་སྒྲུབ་ཡིན་ནོ་ཞེས་གསུངས་པ་ཡིན་ཞིང་། བེར་ནག་ལ་སྒྲུབ་ཐབས་རྒྱས་བསྡུས་གཉིས་མལ་གྱི་དབོན་པོ་བློ་གྲོས་སེང་གེས་མཛད་པ་ཡོད་ལ། པུ་ཏྲ་རྣམས་ནི་མགོན་པོའི་ལས་མཁན་གྱི་ནང་ནས་སྦས་ཤིང་གསང་བ་ཟབ་པའི་མཐར་ཐུག་ཏུ་བྱེད་པའམ། ཡང་ན་འདིའི་སྒོ་ནས་དགྲ་བགེགས་ཀྱི་ལུས་རྩ་མདུད་ཀྱི་གནད་གསུམ་ལ། པུ་ཏྲ་མིང་སྲིང་གསུམ་སྲོག་བདུད་ཀྱི་ཚུལ་དུ་གནས་པ་ལ་གནད་དུ་བསྣུན་པས་དམིགས་ཡུལ་དེ་མི་སྣང་བར་བྱེད་པའི་གསང་བའི་ལས་སྦྱོར་ཟབ་མོ་འདི་ལ་མ་གཏོགས་གཞན་རྣམས་ལ་མེད་པས་དེ་ལྟར་བཞག་གོ་གསུངས་སོ། །འདི་ལ་ཕྱི་ནོར་སྲུང་གནོད་སྦྱིན་ཕོ་མོའི་ཚུལ་དུ་བསྒྲུབ་པ། ནང་བསད་པ་གཤིན་རྗེ་ཕོ་མོའི་ཚུལ་དུ་བསྒྲུབ་པ། གསང་བ་ལས་མཁན་ཕོ་མོའི་ཚུལ་དུ་