R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༦༧བ
[A:༡༦༧བ] ནི་དབང་ཕྱུག འདོད་པའི་དབང་ཕྱུག ལྷའི་དབང་པོ། ཚོགས་བདག ཚངས་པ། གཞོན་ནུ་ཀརྟི་ཀ ཁྱབ་འཇུག བྷྲིང་གི་རི་ཏི་སྟེ་ལྷ་ཆེན་བརྒྱད་དང་། སྟོབས་ཀྱི་རྒྱུ། དུང་སྐྱོང་། མཐའ་ཡས། ནོར་རྒྱས། འཇོག་པོ། རིགས་ལྡན། པདྨ། པདྨ་ཆེན་པོ་སྟེ་ཀླུ་ཆེན་པོ་བརྒྱད་དང་། ཚངས་པ་ཆེན་པོ་དང་། དབང་ཕྱུག་ཆེན་པོ་དང་། ཁྱབ་འཇུག་ཆེན་པོ་དང་། ཤྲཱི་རལ་པ་ཅན་དང་། གུ་ལང་དང་། ལྷའི་བླ་མ། ཕུར་པ། ཀིརྟི་ཀ་གཞོན་ནུ་སྨིན་དྲུག་གི་བུ་སྟེ་མུ་སྟེགས་ཆེན་པོ་བརྒྱད་དང་། དྲག་པོ་དང་། ཡ་བ་ཏི་དང་། ཆོས་ཀྱི་རྒྱལ་པོ་དང་། ཏེལ་པ་དང་། གླང་པོ་ཅན། རལ་པ་ཚར་པ་དགུ། རྨིག་པ་ཆ་སངས། མིག་དམར་ཏེ་གཤིན་རྗེ་བརྒྱད་དང་། རྣམ་ཐོས་སྲས། རི་ལི་རལ་པ་ཅན། ཝ་རུ་ཎ། ཞང་དབོན་རྡོ་རྗེ་བདུད་འདུལ།