R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༥༩ན
[A:༡༥༩ན] རབ། ཕ་བྲག་ཐོག་པ། ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ་མན་འདྲ། དཔལ་མགོན་དཀར་པོ་ཚེ་འཕེལ། སེར་པོ་བསོད་ནམས་སྒྲུབ་པ། དམར་པོ་དབང་བསྡུད། སྔོན་པོ་བགེགས་འཇོམས་ཏེ་ལས་བཞི་མགོན་པོ་སོ་སོའི་རྗེས་གནང་གི་བརྒྱུད་པ་ནི། རྡོ་རྗེ་འཆང་ནས། རི་སུལ་གྱི་རྣལ་འབྱོར་མའི་བར་དཀྱུས་བཞིན། དེ་ནས་ས་ལོ། ཁའུ་པ། གོང་མ་ལྔ། ལོ་ཙཱ་བ་མཆོག་ལྡན། བླ་མ་དཔལ་ལྡན་སེང་གེ ཆོས་རྗེ་དྷརྨཱ་ཀིརྟི། ཆོས་རྗེ་བློ་བཟང་། ཉ་དབོན་ཀུན་དགའ་དཔལ་བ། བླ་མ་ལུང་རིགས་རྒྱ་མཚོ། མཁན་ཆེན་སེང་གེ་དཔལ་བ། ཕ་བྲག་ཐོག་པ་བསོད་ནམས་བཟང་པོ། ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ། མུས་ཆེན་རྣམ་རྒྱལ་བཟང་པོ། ཀླུ་དབང་གླིང་པ་ཀུན་དགའ་རྒྱལ་པོ། རྗེ་ཚེ་དབང་བཀྲ་ཤིས། དྲིན་ཅན་ཚར་པ་ཆོས་རྗེ། རྗེ་།