R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༥༦བ
[A:༡༥༦བ] རྗེ་ས་ཆེན། སློབ་དཔོན་རིན་པོ་ཆེ། ས་པཎ། འཕགས་པ། དམ་པ་ཀུན་གྲགས། བླ་མ་བདག་ཉིད་ཆེན་པོ། དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན། བླ་ཆེན་ཀུན་དགའ་རྒྱལ་མཚན། འཇམ་དབྱངས་ནམ་མཁའ་རྒྱལ་མཚན། སྔགས་འཆང་རྒྱ་གར་ཤེས་རབ་རྒྱལ་མཚན། ས་ལོ་འཇམ་པའི་རྡོ་རྗེ། སྔགས་འཆང་ཆོས་ཀྱི་རྒྱལ་པོ་ངག་དབང་ཀུན་དགའ་རིན་ཆེན། ཡབ་རྗེ་སྦས་པའི་སངས་རྒྱས་སྔགས་འཆང་གྲགས་པ་བློ་གྲོས། དེས་བདག་ས་སྐྱ་པ་སྔགས་འཆང་ངག་དབང་ཀུན་དགའ་བསོད་ནམས་ལ་གནང་བའོ། །སྒྲུབ་དུས་ཐུན་མོང་མ་ཡིན་པའི་རྗེས་གནང་གི་བརྒྱུད་པ་ནི། ཁ་ཆེ་རིན་ཆེན་རྡོ་རྗེ་ཡན་སྔར་བཞིན། དེ་ནས་ཏ་ཐཱ་ག་ཏ་རཀྵི་ཏ། གཉན་ལོ། ཁའུ་པ་ཡན་སྔར་བཞིན། ཡང་ན་བླ་མ་དམ་པ་ནས། བཞི་ཐོག་པ་ཀུན་རིན། བཞི་ཐོག་པ་བློ་གྲོས་རྒྱལ་མཚན། ཆོས་རྗེ་དགེ་བ་རྒྱལ་མཚན། །