R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༥༤བ
[A:༡༥༤བ] བདག་ལའོ། །ཡང་བདག་ཆེན་བློ་གྲོས་རྒྱལ་མཚན་དང་། རྗེ་རྡོ་རིང་པ་ལས་མ་བརྒྱུད་ཀྱང་བླ་མ་གོང་མ་གཞན་ལས་འོངས་པའི་མགོན་པོ་ཁྲོ་བཅུའི་རྗེས་གནང་གི་བརྒྱུད་པ་ནི། དམ་པ་ཀུན་དགའ་གྲགས་ཡན་ལྷ་བརྒྱད་དང་འདྲ་ཞིང་། དེ་ནས་བླ་མ་བདག་ཉིད་ཆེན་པོ། མཁས་བཙུན་ནམ་མཁའ་ལེགས་པ། ཆོས་རྗེ་བླ་མ་དམ་པ། སྔགས་འཆང་གཟུངས་པ། བཟང་པོ་རྒྱལ་མཚན། དགེ་རྒྱལ་བ། སངས་རྒྱས་མཆོག་པ། སྐྱེས་མཆོག་རྒྱལ་མཚན། བཀྲ་ཤིས་སེང་གེ རྗེ་བློ་གསལ་རྒྱ་མཚོ། རྗེ་བསྟན་པའི་རྒྱལ་མཚན། རྗེ་བྱམས་པ་རབ་བརྟན། མུས་ཆེན་རྡོ་རྗེ་འཆང་སངས་རྒྱས་རྒྱལ་མཚན། དེས་བདག་ས་སྐྱ་པ་རིགས་སྔགས་འཆང་བ་ངག་དབང་ཀུན་དགའི་མིང་ཅན་ལ་དགྱེས་བཞིན་དུ་གནང་ནས། ཡིག་ཆ་དེ་ཡང་འཕྲལ་དུ་བརྩམས་ནས་གཟིགས་ཕུལ་བས། རྗེ་བླ་མ་ཉིད་ཐུགས་རབ་ཏུ་དགྱེས་པའི་གསུང་དུ་།