R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༥༡ན
[A:༡༥༡ན] ཆེན་འཇམ་པའི་དབྱངས་ཀྱིས་མཛད་པ་ཡོད་ལ། ཡང་བྲག་རྫོང་མ་དང་གཙོ་བོར་འབྲེལ་བ་མགོན་པོ་འདི་ཉིད་ལ་འཁོར་མགོན་པོ་བཅུས་བསྐོར་བ་ཁྲོ་བཅུའི་རྗེས་གནང་དུ་གྲགས་པ་ཡོད་ཅིང་། འདིའི་བརྒྱུད་པ་བདག་ཆེན་ཡབ་སྲས་གཉིས་ལ་མ་བྱུང་བས། ཕྱིས་རྗེ་ཚར་པས་ལྕགས་མོ་བཀྲ་ཤིས་སེང་གེ་ལ་གསན་པ་ཡིན་ཞིང་། འདི་ལ་ཡི་གེ་རྗེ་ཚར་པས་མཛད་པ་དང་། ཟུར་འདེབས་རྗེ་མཁྱེན་བརྩེས་མཛད་པ་ཡོད་ལ། ད་ལྟ་དེ་གཉིས་གུང་བསྒྲིགས་པའི་སྟེང་ནས་གནང་བ་ཡིན་ཞིང་། ཕྱིས་ཁོ་བས་ཀྱང་གསལ་བ་ཞིག་བྱས་ཡོད་དོ། །འདིའི་བརྒྱུད་པ་འོག་ཏུ་འཆད་ལ། ལྷ་བརྒྱད་ཀྱི་སྟེང་དུ་སེང་གདོང་མ། གཟིག་གདོང་མ། དོམ་གདོང་མ། དྲེད་གདོང་མ་བཞི་བསྣན་པས་ལྷ་བཅུ་གཉིས་མའི་རྗེས་གནང་འདི་ལ་ཡི་གེ་རྗེ་ཚར་པས་མཛད་པ་ཡོད་ལ། འདིའི་རྗེས་གནང་གི་བརྒྱུད་པ་ནི། བླ་མ་བདག་ཉིད་ཆེན་པོ་ཡན་ལྷ་།