R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༤༣ན
[A:༡༤༣ན]ཆེ་བ། །གསན་པས་དེང་སང་དུས་ན་དགེ་ལུགས་ཞེས། །འཕྲིན་ལས་ཤིན་ཏུ་ཆེ་བའི་ཙོང་ཁ་པ། །བློ་བཟང་གྲགས་པ་བརྒྱུད་པར་བཅས་འདི་ཡང་། །མཚུངས་མེད་ས་སྐྱའི་རྗེ་བཙུན་མཆོག་རྣམས་ཀྱི། །གསུང་ལ་སྦྱངས་པས་དགེ་བཤེས་གནས་ཐོབ་ཅིང་། །རྗེས་འབྲངས་ཡིན་པའི་རྒྱུ་མཚན་དེ་ལྟར་ལགས། །གཞན་ཡང་ཇོ་ནང་ཀུན་སྤངས་ཐུགས་རྗེ་དཔལ། །ཞེས་བྱ་དེ་ཡིས་ཆོས་རྗེ་ཁུ་དབོན་གྱི། །དངོས་སློབ་ནགས་ཕུག་ཤེས་རབ་འོད་ཟེར་དང་། །ཆོས་རྒྱལ་འཕགས་པ་གཉིས་ཀྱི་སློབ་བུའི་མཆོག །ཤར་པ་འཇམ་དབྱངས་རིན་ཆེན་རྒྱལ་མཚན་ལ། །གཏུགས་ནས་ལམ་འབྲས་ལ་སོགས་ས་སྐྱ་པའི། །གདམས་པ་མ་ལུས་གསན་ནས་སྐྱེས་མཆོག་དེས། །ས་སྐྱའི་དགོན་ལག་ཇོ་ནང་རི་ཁྲོད་བཏབ། །དེ་ཡི་དངོས་སློབ་ཀུན་མཁྱེན་དོལ་བུ་ཡིས། །སྔོན་མེད་གཞན་སྟོང་ལྟ་བའི་སྲོལ་བཏོད་པས། །འདི་ལ་མཁས་མཆོག་རྣམས་ཀྱིས་མགྲིན་གཅིག་ཏུ། །ཁྱེད་