R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༢༩ན
[A:༡༢༩ན]མེད་དུ་བརྒྱལ་ནས་འགྱེལ་སོང་བས། མ་དེས་ཤི་སོང་ཟེར་ནས་ངུ་ཡིན་འདུག་པ་ལ། རྗེ་འདིས་ཡོན་ཆབ་ཀྱི་ཆུ་ཞིག་གདོང་ལ་འཐོར་བ་མཛད་པས། ཁོ་ལངས་བྱུང་ནས་མཆི་མ་གཏོང་ཞིང་། ང་མགོ་ན་ནས་དིང་སང་བར་དྲན་པས་མ་ཟིན་འདུག ད་ལྟ་གང་བྱས་པ་ཡིན་ཟེར་ནས་སྨྲེ་སྔགས་དུ་མ་འདོན་ཞིང་འདུག་གོ་ཞེས་ཀུན་ལ་གྲགས་སོ། །སྐབས་དེར་རྗེ་འདིས་ཕྱག་མདུད་ཅིག་གནང་ནས། ད་ནད་ཀྱིས་གཅིག་ཀྱང་སྐྱོན་པ་མི་ཡོང་ཞེས་ལུང་བསྟན་གནང་བས། དེ་བཞིན་དུ་ནད་ལས་གྲོལ་བ་ཀུན་གྱི་མངོན་སུམ་དུ་གྱུར་ཅིང་། དེ་ནས་རྗེ་འདིས་ལན་ཅིག་མུས་སུ་ཕེབས་ནས། སླར་གདན་སར་ཕེབས་སྐབས་སྔར་ནས་རྗེ་ཉིད་ལ་ཤིན་ཏུ་མོས་པའི་གདན་ས་ཆེན་པོའི་ཆོས་ལས་པ་ཆོས་རྗེ་ཀུན་དགའ་རྣམ་རྒྱལ་དུ་གྲགས་པ་དེ་དེར་སྐབས་ཀྱང་རྗེ་འདི་ལ་ཡང་ཡང་མཇལ་དུ་བྱུང་བ་ལ། ཆོས་རྗེ་ཁོང་སྔར་བས་སྐུ་མདངས་དང་གསུང་དཔང་དམའ་བ་སོགས་འོ་བརྒྱལ་ཉམས་ཆེ་བ་