R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༣ ༠བ
[A:༣ ༠བ]བ་ཤ་བ་རྭ་བཅུ་གཅིག་ཏུ་སྤྲུལ་ནས་ལྷ་མོ་དུང་སྐྱོང་མའི་སྤྱན་སྔར་ཕྱིན་ཏེ། རོལ་མོ་སིལ་སྙན་དང་། གླུ་དབྱངས་སྣ་ཚོགས་པ་བྱས་ནས་བསླུས་པས། ལྷ་མོ་རོལ་མོ་ལ་དགའ་བས་འཛུམ་གཅིག་བྱུང་། དེ་ལ་སྲིན་པོས་གླགས་རྙེད་དེ། ལྕགས་ཀྱི་ལྷམ་སྒྲོག་སྔོན་པོ་བཀྲོལ་ནས་བཟུང་སྟེ་གླུ་འདི་སྐད་བླངས་སོ། །ཀྱེ་ཡོངས་འདུ་ཤིང་གི་གནས་མཆོག་གི །རིན་ཆེན་མཛེས་པའི་ཕོ་བྲང་ན། །བདེ་ལྡན་འཕྲུལ་གྱི་ལྡིང་ཁང་དབུས། །འགྱིང་བག་ཚུལ་དུ་གར་མཛད་མ། །དབང་ཕྱུག་སྲས་མོ་མ་ལགས་སམ། །དགའ་བྱེད་དུང་སྐྱོང་མ་ལགས་སམ། །ལྷ་མོ་མང་པོའི་ཚོགས་དང་རོལ། །དབུ་ཡི་སྙན་ཆ་གདུབ་ཁོར་ནི། །རིན་ཆེན་མཛེས་པས་ཀུན་ནས་སྤྲས། །སྤྱན་ནི་ཨུཏྤལ་ཁ་ཕྱེ་འདྲ། །ཤངས་ནི་བིལ་བའི་འབྲས་བུ་འདྲ། །ཞལ་ནས་ཨུཏྤལ་ངད་ཀྱང་འབྱུང་། །སྐུ་ནི་འཁྲིལ་ལྡེམ་གཞོན་ཚུལ་ཅན། །གསུང་ནི་ཚངས་པའི་དབྱངས་སྙན་སྒྲོགས། །ནུ་