R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༢༩བ
[A:༢༩བ]ཞེས་བྱ་བར་མིང་བཏགས། དེའི་ཚེ་སྲིན་པོ་ད་ཤ་གྲི་བས་ང་ནི་ལྕེབ་བོ་ཞེས་བྱ་བའི་སྒྲ་འཇིག་རྟེན་དུ་བསྒྲགས། དེ་སྲིང་མོ་ན་ལ་རྩེས་ཐོས་ནས་མིང་པོ་མ་ལྕེབ་པར་ཅི་འདོད་པ་ང་ལ་སྨོས་ཤིག་ཅེས་བརྗོད་པས། ད་ཤ་གྲི་བ་ན་རེ། ང་ནི་ལྷ་མོ་དུང་སྐྱོང་མ་འདོད་ཟེར། སྲིང་མོས་སྨྲས་པ། མིང་པོ་དེ་སླ་ཡི་ངའི་བུ་མོ་ཕུར་བའི་ལྷ་འདི་ལྷ་མོ་དུང་སྐྱོང་མའི་ཁོལ་མོར་ཕུལ་ནས་དེ་ནས་བསླུའོ་ཞེས་སྨྲས། དེ་ནས་སྲིན་མོ་ན་ལ་རྩེས་བུ་མོ་དེ་ཁྲིད་ནས་ལྷ་མོ་དུང་སྐྱོང་མ་ལ་གཡོག་ཏུ་ཕུལ་ལོ། །ཕུར་པའི་ལྷས་ལྷ་མོ་དུང་སྐྱོང་མ་ལ་གསོལ་པ། ཀྱེ་ཆེ་ཞེས་ཆེན་མོ་རིགས་ཀྱི་ཡུམ། །བདག་ཉིད་ཆེན་མོ་གར་དབང་མ། །དབུ་བཟང་རིན་ཆེན་ཐོར་གཙུག་ལ། །བཻ་ཌཱུར་སྔོན་པོ་འོད་ལམ་ལམ། །ཞལ་བཟང་པདྨའི་དཀྱིལ་འཁོར་དུ། །ཉི་ཟླ་འཕྲུལ་གྱི་རྒྱན་བཀོད་དེ། །ཚེམས་བཟང་དུང་ལ་ལྗགས་བཟང་བསེ། །ཁྱེད་འདྲ་འཇིག་རྟེན་ཁམས་ན་མེད། །བདག་