R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༧༦ན
[A:༧༦ན] གཅིག་འོད་གསལ་གྱི་ངང་དུ་ནམ་མཁའ་ལ་མཐོང་ཁུང་ལྟ་བུ་ཞིག་སྐྱ་ལམ་གྱིས་དོད་བྱུང་བ་དེ་ན་མར་འོད་ཀྱི་སྤྲས་པ་གཅིག་བཙུགས་པ་ལ། བུ་མོ་དམར་མོ་ན་ཚོད་ལོ་བརྒྱད་ཙམ་ལོན་པ། རུས་རྒྱན་ཆབ་པེ་བ་བཏགས་པ་གཅིག་རྒྱབ་འབབ་ཀྱི་ཚུལ་དུ་བྱུང་ནས། དེ་ན་རེ། རྗེ་བཙུན་རྡོ་རིང་པ་ཆེན་པོས། ཁྱོད་འབོད་དུ་གནང་པ་ཡིན། འགྲོ་འམ་མི་འགྲོ་ཟེར་བ་ལ། རྗེ་ཉིད་ཕེབས་པ་ལ་ཐུགས་མི་སྤྲོ་བའི་ངང་ནས། ངས་ད་ལོ་ལམ་འབྲས་ཤིག་འཆད་འདོད་པ་དེ་ཡང་བཤད་མ་ཚར་གསུངས་པས། བུ་མོ་དེའི་གསུང་ལས་འོ་ན་ཁོང་མི་ཡོང་བ་འདུག་ཞུའམ་ཟེར་ནས་སྤྲས་པ་དེ་ལ་རྒྱབ་བསྟན་བཞིན་པར་འཛེགས་སོང་། དེའི་རྗེས་ལ་སྤྲས་པ་དེའང་བསྡུས་པ་ལྟར་ཡལ་ནས། མཐོང་ཁུང་འདྲ་བ་དེ་ཡང་མི་སྣང་བར་སོང་བས། དེ་ནས་ཞག་འགའ་ནས་འོད་གསལ་གྱི་ངང་དུ་རྗེ་བཙུན་རྡོ་རིང་པ་ཆེན་པོ་ཕེབས་བྱུང་ནས། མུ་སྟེགས་པའི་རྒྱལ་པོ་རྒན་