R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༧༥ན
[A:༧༥ན] གཅིག་པ་མ་ཡིན། ཐ་དད་ཡིན་གསུངས་པ་ལ། རྗེ་རྡོ་རིང་པ་ཆེན་པོའི་ཞལ་ནས་དེ་གཉིས་ལ་སྐྱོན་མེད། ཆོས་རྗེ་ཚར་པས་གསུངས་པ་དེ་སྔོན་གྱི་དུས་ལ་དགོངས་པ་ཡིན། ཆོས་རྗེ་རྡོ་རྗེ་གདན་པས་གསུངས་པ་དེ། ད་ལྟའི་དུས་ལ་དགོངས་པ་ཡིན་དོན་ལ་ཁྱད་མེད། ཆོས་རྗེ་ཚར་པ་ཡར་ལུང་པ་སེངྒེ་རྒྱལ་མཚན་དུ་སྐྱེ་བ་བླངས་པའི་དུས། གནས་གསར་ཆོས་རྗེ་འཇམ་དབྱངས་སྒེག་པ་ཡིན། དེར་མ་ཟད་ཆོས་རྗེས་བསྙེལ་ཡོད་པ་འདྲ། སྔོན་ཨུ་རྒྱན་གྱི་ཡུལ་དུ་ཁྱེད་རྣལ་འབྱོར་པ་ཐ་ཝི་ར་ཞེས་བྱ་བ་ཡིན། རྡོ་རྗེ་རྣལ་འབྱོར་མ་ལ་དབང་ཞུས་དུས་རྣལ་འབྱོར་པ་སྦྲུལ་གྱི་ག་ཤ་ཅན་དེ་ང་ཡིན། དེའི་དུས་ཁོང་རང་གིས་གདུག་པ་ཅན་མང་པོ་བསྒྲལ་གསུངས་པ་སོགས། ཆོས་རྗེ་རྡོ་རྗེ་གདན་པ་དང་རྗེ་ཉིད་ལ་ལོ་རྒྱུས་གསུངས་པའི་ཚུལ་མཛད་བྱུང་པས། ཉིད་ཀྱི་ཐུགས་ལ་གཉིས་སྣང་མཚན་རྟོག་གི་དྲི་མ་དང་བྲལ་བའི་