R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༥༧ན
[A:༥༧ན] སོགས་ཀྱི་ནན་ཏན་ཞུས་འདུག་པས། རྗེ་ཉིད་མགོན་ཁང་དུ་ཕེབས་ཐུགས་དམ་མཛད་པའི་མཐར། བྲག་སྒོ་ཕྱོགས་ལ་གཟིགས་ནས་མི་ལ་ལབ་པ་ལྟར། ད་རྗེས་གནང་མི་བྱེད་བྱས་ཀྱང་ཡེ་མི་ཉན་པར་འདུག་པས། བྱེད་མི་བཏུབ་ན་ཀུན་གྱི་མཐུན་སྣང་གྲུབ་པའི་ལྟས་སྟོན་གསུངས་པ་སོགས་གནང་བས། དེ་འཕྲལ་འུར་སྒྲ་དང་ཐུག་ཆོམ་ཆེན་པོ་སྐྱེད་ལྷས་ཀྱི་རི་དེ་ཉིལ་ནས་མགོ་ཐོག་ཏུ་ལྷུང་བ་སྙམ་བྱེད་པ་ཀུན་གྱིས་ཐོས་པ་བྱུང་། གྲྭ་པ་དེའང་བླ་བྲང་འགག་ན་ཆོས་བསྒུགས་ཀྱི་ཚུལ་དུ་ཡོད་འདུག་པས་རེ་ཞིག་དྲན་མེད་དུ་བརྒྱལ། སླར་གསོས་ནས་ཐུགས་བདེན་པར་འདུག ད་རྗེས་གནང་ཡེ་མི་ཞུ། འཁུ་ལྡོག་སོགས་མི་ཡོང་བའི་བྱིན་རླབས་ཤིག་དགོས་ཞུ་བ་བྱུང་བ་དེ་འདྲའི་རིགས་ཅན་མང་དག་བྱུང་འདུག སྐལ་ལྡན་རིགས་ལ་ཁམས་པ་བླ་མ་ཡཀྵ་ཏྲོ་ཏེ་ཟེར་བ་ཞིག་གིས་ཁམས་སུ་མགོན་པོ་ཞལ་བཞི་པ་བསྒྲུབས་པས། དེའི་སྐུའི་