R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༥༤ན
[A:༥༤ན] བདག་ཆེན་རིན་པོ་ཆེའི་ཞལ་ཏ་ལ་དེ་དོན་ལ་ཆོས་རྗེ་ཀུན་སྤངས་པ་སྐོར་ཅིག་འབྱོན་དགོས་པ་འདུག་པས་གནས་ཚུལ་དང་བླང་དོར་འདི་བཞིན་གྱིས་ཀྱི་ཞལ་བཀོད་ཞིབ་པར་ཕེབས། གང་ལྟར་ལས་ཆོས་སྐྱོང་རྣམས་ཀྱིས་སྒྲུབ་པ་ཡོད་གསུངས། ཆོས་སྐྱོང་རྣམས་ལའང་གསུང་གདེངས་མཐོན་པོས་ཁོང་གི་རྗེས་ལ་རྒྱུགས་ཤིག་གསུངས་པ་དང་། ཕར་ལམ་ན་ལེནྡྲར་ཆོས་རྗེ་མཁྱེན་རབ་པས་ཆོས་ཤིག་གནང་བ་ཡོད་པས་ཞུས་གསུངས། རྗེ་འདིའི་དགོངས་པ་ལ་ཆོས་རྗེ་རིན་པོ་ཆེ་མཁྱེན་རབ་པ་ནི་སྐུ་མཚམས་ཤིན་ཏུ་དམ་པར་ཡོད་འདུག ཇི་ལྟར་ཡོང་ངམ་གང་ནའང་བཀའ་ལྟར་བསྒྲུབ་དགོས་སྙམ་ནས་བྱོན་པས་ན་ལེནྡྲར་ཕེབས། བྲག་པའི་སྤྱི་ཁང་ན་བཞུགས་པའི་ཚེ། གཟིམ་ཁང་ནས་འབོད་མཁན་གནང་བྱུང་། ང་སླེབས་པ་སུས་ཞུས། རྗེ་རིན་པོ་ཆེ་སྐུ་མཚམས་གྲོལ་བ་ཨེ་ཡིན་གསུངས་པས་སྐུ་མཚམས་ཤིན་ཏུ་དམ་པར་ཡོད། ཞལ་ཏ་ལ་ཆོས་རྗེ་