R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༥༣ན
[A:༥༣ན] མ་ཐོན་པ་སོགས་ཅུང་ཟད་བསྙེལ་བའི་རྣམ་པ་བྱུང་ནས། ཁྲུས་ཆོག་སོགས་སྐུ་རིམ་བྱེད་པར་རྩོམ་པ་ན། ཉེ་གནས་ལ་ཡར་ཤོག་གསུངས་འཕགས་པ་བྲག་ཁུང་དུ་སྐུ་མདུན་ཕྱིན་པས་སྐུ་ཁམས་སངས་དྭངས་ནས། ཁྱེད་ཚོའི་རིམ་གྲོ་མི་དགོས་པར་འདུག་ང་རང་ལ་རིམ་གྲོ་བྱེད་མཁན་བྱུང་གསུངས། ཇི་ལྟར་བྱུང་ཞུས་པས། ད་ལྟ་ཨ་ཙ་ར་ལག་པ་གཡོན་ན་ཀུ་བ་ཆུས་གང་བ་དང་། གཡས་ན་ཀུ་ཤ་ཁྱེར་བ་གཅིག་བྱུང་ནས། ཁྱེད་ལ་སྐུ་གྲིབ་བྱུང་འདུག་པས་ངས་ཁྲུས་ཆོག་བྱེད་པ་ཡིན་ཟེར་ནས་ཁྲུས་ཆུ་ལུས་ལ་འཐོར་ཞིང་སྔགས་ཀྱི་རྣམ་པ་བཏོན་ནས་སོང་བས། དེ་འཕྲལ་ལ་ཕན་བྱུང་གསུངས་པ་དང་། སྐྱེད་ལྷས་ཀྱི་མགོན་ཁང་ནང་དུ་བྱོན་རེས་ཀྱི་ཕལ་ཆེར་བདག་ཆེན་རིན་པོ་ཆེའི་ཞལ་གཟིགས་ཀྱི་བྲམ་ཟེ་དཀར་པོ་དར་གྱི་གོས་ཅན་རྩེ་གསུམ་དང་ཐོད་ཁྲག་འཛིན་པ་འདི་ཡུམ་ཆེན་བཞི་དང་བཅས་པ་བྲག་སྒོ་ནས་བསུ་བའི་ཚུལ་དུ་འཆམ་སྟབས་དང་བཅས་ནས་འབྱོན།