R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༥༠ན
[A:༥༠ན] གཙོ་བོར་བཞུགས་སོ། །ཆོས་སྐྱོང་གི་བསྐང་གསོ་མདོས་གཏོར་གྱི་དུས། པུ་ཏྲ་ལྕམ་སྲིང་དང་བཅས་པ་རྣམས་འཆམ་པར་བྱ་བའི་ཕྱིར་ཞལ་འབག་རྣམས་སོ་སོར་གྲུབ་སྟེ། འཆམ་གྱི་རིམ་པ་ཇི་ལྟར་བྱ་བའི་དགོངས་པ་གཏད་མཚམས་མཚན་གཅིག་གཟིམས་མལ་དུ་མི་ནག་པོ་ཞིག་གིས། ད་ལྟ་བགྱི་བའི་འཆམ་གྱི་རིམ་པ་ཚར་གཅིག་བགྱིས་པ་ན། མནལ་སད་དེ་ཆོས་སྐྱོང་ཉིད་ཀྱིས་བསྟན་པར་ཐུགས་ཀྱི་ངེས་པ་རྙེད་ནས། དུས་མི་རིང་བར་རྡོ་རྗེའི་སློབ་བུ་རྣམས་ལ་འཆམ་གྱི་རིམ་པ་ཇི་ལྟ་བ་བཞིན་བསླབ་སྦྱངས་གནང་། དེ་དང་རྗེས་སུ་མཐུན་པར་འཆམ་ཡིག་ཀྱང་ཐུགས་རྩོམ་ཕྱག་བྲིས་སུ་བཏབ་བོ། །ཡང་སྐུ་ཞང་འཇམ་དབྱངས་པ་ཆོས་སྐྱོང་ལ་མངའ་བརྙེས་པ་ཡིན་པས། ནམ་ཞིག་ན་པུ་ཏྲ་ལྕམ་སྲིང་རྣམས་ནམ་མཁར་བྱོན་དུས་མཆོད་གཏོར་འབུལ་བར་བརྩམས་པ་ན་མྱུར་དུ་ཕུལ། ངེད་གོང་དཀར་ལ་འགྲོ་དགོས་ཡོད་གསུངས་པ་བྱུང་ཚུལ་གྱི་འཕྲོས་ཟབ་མོ་