R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༢༢བ
[A:༢༢བ]ལྟོ་བ་ལ་ལྷ་དམག་བྱེ་བའི་རྫོང་བཅས་ནས་འཐབ་པས་ལྷ་མ་ཡིན་ཕམ་པར་བྱས། ལྷ་དམག་དཀར་པོ་རྒྱལ་ཏེ་དཔག་བསམ་ཤིང་གི་མངའ་བདག་ཏུ་གྱུར་ཏོ། །དེ་ནས་སྲིན་ཡུལ་ལང་ག་སྤུ་རི་ན་སྲིན་པོའི་གྲོང་ཁྱེར་བདུན་འབུམ་ཡོད་པ་ལྷ་རྣམས་ཀྱིས་བཅོམ་ནས། སྲིན་པོ་ད་ཤ་གྲི་བ་དང་། དེའི་སྲིང་མོ་ན་ལ་རྩེ་གཉིས་འདུས་པས། ད་ཤ་གྲི་བས་ལྷ་མི་འདུལ་བའི་ཕྱིར། སྲིང་མོ་ལྷ་དབང་ཕྱུག་ཆེན་པོའི་བཙུན་མོར་ཕུལ། དེ་གཉིས་འདུས་པ་ལས་བུ་མོ་ཡ་མཚན་ཅན་གཅིག་སྐྱེས། དེ་ལྷ་མོ་ཙ་མུནྟྲའི་གཡོག་ཏུ་ཕུལ། དེས་རིམ་བཞིན་བསླུས་ནས། ལྷ་མོ་ཙ་མུནྟྲི་སྲིན་པོའི་ཆུང་མར་སོང་། དེ་ལ་ལྷ་མོ་ཨུ་མ་ཁྲོས་ཏེ་དམོད་པ་ཕྱིན་ཅི་ལོག་ཏུ་བོར། མིང་པོ་མཧཱ་ཀཱ་ལ་ཡང་ཁྲོས་ནས། སྲིན་པོ་འཁོར་དང་བཅས་པ་ཐམས་ཅད་བཅོམ། ཡུལ་ལང་ཀ་པུ་རི་གཏན་ནས་བརླག་པར་བྱས་སོ། །དེའི་རྒྱུ་མཚན་བརྟགས་པས་ལྷ་རྣམས་ཀྱིས་ལན་པར་