R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༠ན
[A:༡༠ན] བ་རྣམས་ལ་མདང་རྨི་ལམ་འདི་ལྟར་བྱུང་། དེ་རིང་མགྲོན་པོ་སུ་འདྲ་ཞིག་འོང་ངམ་གསུང་བའི་དེ་མ་ཐག་རྗེ་འདི་ཉིད་བདེ་བ་ཅན་དུ་ཕེབས་བྱུང་ཞེས་ཐོས་པ་དང་། བླ་མ་འདིས་བསྒྲིགས་པར་མཛད་པའི་མགོན་པོད་ཀྱི་ཕྱག་དཔེ་ལ་མེ་འབར་ཚུལ་ནི། གཟིམ་དཔོན་ནམ་ཤེས་གྲོགས་མཆེད་ཀྱིས་ཕྱག་དཔེ་མགོན་པོད་ཆེན་པོ་རྒྱལ་རྩེ་ནས་བླངས་ཏེ། ས་སྐྱར་འོང་པའི་ལམ་ཞོ་ངའི་མདར་ཆོམ་རྐུན་པ་འགའ་ཞིག་གིས་བཅོམ་སྟེ། སྡེ་པས་ཕུལ་བའི་གསོལ་ཇ་དང་བཅས་པ་ཁོང་རྣམས་ཀྱིས་ཁྱེར་ནས་ཡུལ་དུ་ཕྱིན་པ་ན། ཡུལ་དེར་མི་འདོད་པའི་ལྟས་སྣ་ཚོགས་བྱུང་ཞིང་། ཁྱད་པར་ཕྱག་དཔེ་གང་དུ་བཞག་སར་མེ་འབར་བས། ཁོང་རྣམས་ཀྱིས་གཉེར་ཅག་མ་ནུས་པར་ར་ས་རྫོང་པའི་ལག་ཏུ་བྱུང་། དེར་ཡང་ཆོ་འཕྲུལ་སྣ་ཚོགས་བྱུང་སྟེ། རྣམ་རྟོག་གི་ངང་དུ་ཡོད་པ་ན། རེ་ཞིག་ནས་སྨན་གྲོང་དྲུང་རྡོར་བ་དེར་བྱོན་པའི་དུས། དེ་བཞིན་གྱི་གསུང་གླེང་བྱུང་བས་རྗེའི་ཕྱག་དཔེ་ཡིན་པར་ངེས་།