R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༨ན
[A:༨ན]རྒྱལ་པོ་འདི་མགོན་པོའི་འཁོར་གྱི་རུ་འདྲེན་གཅིག་ཡིན་པ་འདྲ། ལྷ་འདྲེ་གཞན་འདི་ཚོ་སྐྱེད་ལྷས་མགོན་ཁང་གི་ནང་དུ་ཡེ་འོང་མི་ནུས་པར་འདུག་ནའང་། འདི་ཐལ་མར་འོང་གིན་འདུག སྐྱེད་ལྷས་ཀྱི་ཤིང་ཕུང་རེ་རེའི་རྩ་བ་ནའང་མགོན་པོའི་འཁོར་དུ་གཏོགས་པའི་ལྷ་འདྲེ་གདུག་པ་ཅན་སྟོབས་ཆེན་པོ་རེ་རེ་གནས་པ་ཡིན་གསུངས་པ་སོགས་འོད་གསལ་གྱི་ངང་ནས་ཐམས་ཅད་ཐོགས་མེད་དུ་གཟིགས་པ་ཡིན་འདུག བསྟན་སྲུང་རྣམས་ལ་ཇི་ལྟར་བསྒོ་བའི་བཀའ་རྣམས་ཀྱང་ཐོགས་མེད་དུ་བསྒྲུབ་པར་སྣང་སྟེ། ལན་གཅིག་སྐྱེད་ལྷས་མགོན་ཁང་དུ་མགོན་པོ་འཁོར་བཅས་ལས་ལ་བསྐུལ་བའི་ཐུགས་དམ་ཞག་བདུན་གྱི་བར་དུ་གནང་བ་ན། ཡུམ་ཆེན་སྲིང་མོ་བཞི་པོ་ཁྲག་གི་རལ་པ་ཤིན་ཏུ་རིང་བ་དང་བཅས་མགོན་ཁང་དུ་ཕེབས་ལས་གྲུབ་ཡོད་པས་གཏང་རག་དགོས་ཟེར་ཡུས་པའི་ཚུལ་དུ་རལ་པ་དཀྲུགས་པའི་ཁྲག་གི་འཐོར་མ་རྗེ་རང་གི་སྐུ་ལུས་ལ་ཡང་ཐོར་ཐོར་ཡོང་བ་དང་། དེ་ནས་མ་ཚད་ཕྱིན་པ་ན། བསྒྲལ་