R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༢ན
[A:༢ན]དེ་དང་གཉིས་མེད་རིགས་ཀུན་བདག་པོ་བླ་མ་ཡི། །བཀའ་ཉན་གཙོ་བོ་སྲིད་གསུམ་བཟའ་བྱེད་ནག་པོ་ཆེ། །ལྕམ་དྲལ་བྲན་གཡོག་ཕོ་ཉར་བཅས་པས་བདག་སྐྱོངས་ཤིག །བསྟན་སྲུང་གང་གི་ཟབ་མོའི་ཆོས་ཚུལ་རྣམས། །འཕགས་པའི་ཡུལ་དུ་དར་ཞིང་རྒྱས་མཛད་པའི། །གྲུབ་ཐོབ་ཡོངས་ཀྱི་རྒྱན་གྱུར་བྲམ་ཟེ་ཆེ། །མཆོག་སྲེད་ལ་སོགས་སྐྱེས་མཆོག་རྣམས་ལ་འདུད། །གཞན་ཡང་ལོ་ཆེན་བློ་གྲོས་གྲགས་པ་སོགས། །གངས་ཅན་