R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༨༩བ
[A:༡༨༩བ]ཆེ་བའི་གོས་ལ་གསེར་བསྒྲིལ་ཐགས་ཀྱི་སྣང་བ་རབ་འབྱམས་བཀྲ་བའི་གོས་འཕན་མདུན་ངོས་གོས་ཆེན་ཁ་བསྒྲིགས་དང་། རྒྱབ་ཡུག་བསྒྲིགས་འབའ་ཞིག་བྱས་པའི་ཉིས་ཐོག་མ་ཁྱད་འཕགས་དེ་ཉིད་ཀྱིས་གཙོས་པའི་འབུལ་བ་བསམ་གྱིས་མི་ཁྱབ་པ་བྱས། འབྲི་ཁུང་པ་ཅི་གསུང་དང་ལེན་བྱེད་ཀྱི་ཡོད་པའི་སྐབས། འབྲི་ཁུང་པས་སྡོད་མ་ཤེས། ས་སྐྱ་པ་ལ་ཞབས་འདྲེན་སྒྲུབ་སྙམ། དགོན་པ་དཔོན་པོས་སྟོད་ཧོར་འབོད་པར་རང་ངོས་ཀྱིས་ཕྱིན། ཧུ་ལ་ཧུས་བུ་ག་དུ་རིན་ཆེན་དུ་བྱས་པའི་རྒྱལ་པོས་གཙོས་པའི་སྟོད་ཧོར་གྱི་དམག་འབུམ་ཕྲག་མང་པོ་ཁྲིད་ནས་ཡོང་པས། གདན་ས་ནས་ཀྱང་ཐོས། དཔོན་ཆེན་ཀུན་དགའ་བཟང་པོ་དང་། དཔོན་ཆེན་ཨག་ལེན་གཉིས་ཀྱིས་དབུས་གཙང་གི་དམག་ཁྲི་ཚོ་བཅུ་ཙམ་ཁྲིད་ནས་གདོང་བསུར་ཕྱིན་པས། དཔལ་མོ་དཔལ་ཐང་དུ་ཐུག བོད་དམག་ཁྲི་ཚོ་བཅུ་ཙམ་གྱིས། སྟོད་ཧོར་གྱི་དམག་འབུམ་ཕྲག་མང་པོ་ཐལ་བར་བརླགས། ཧོར་སྟོང་ཕྲག་མང་པོ་བསད་པའི་