[A:༡༨༡ན]སྐབས་སུ་འཕྲིན་ལས་རྣམ་དག་གི་རྒྱུན་ཚུགས་པ་རྣམ་ཐར་གྱི་གཙོ་བོ་ཡིན་གྱི། ཉིད་ཀྱིས་ལྷ་དང་བླ་མ་མང་པོ་གཟིགས་པ་སོགས་ནི་བྱིས་པ་མཚར་བསྐྱེད་དུ་ཟད་དོ། །དེ་ལྟར་དགུང་ལོ་སོ་དྲུག་པ་ནས། བདུན་ཅུའི་བར་སོ་ལྔ་གདན་ས་མཛད་ནས་ལྕགས་མོ་ཕག་གི་སྨལ་པོ་ཟླ་བའི་ཚེས་བཅུ་བཞི་ལ་བརྗོད་ཀྱིས་མི་ལང་པའི་ལྟས་དུ་མ་དང་བཅས་ཏེ། བྱང་ཕྱོགས་སྤྲུལ་པ་སྡེའི་གཟིམ་ཁང་དུ་བདེ་བར་གཤེགས་སོ། །བདག་ཉིད་ཆེན་པོ་འདི་ཆོས་སྐྱོང་ལ་མངའ་བརྙེས་པས། རྒྱུན་དུ་བསེ་མགོན་དང་གསུང་གླེང་མཛད་ཅིང་། ལན་གཅིག་གུར་གྱི་མགོན་པོ་སྐུ་ནམ་མཁའི་ཁྱོན་གང་བ། ན་བཟའ་བེར་དང་ཕོད་ཀ་བརྩེགས་མར་གསོལ་ཞིང་། གྲི་ཐོད་གཎྜེ་ཐུགས་ཀར་བསྣམས་པ། ཞལ་གདོང་གཡས་ཕྱོགས་སུ་བསྒྱུར་ནས་ཐུར་དུ་མནན་ཏེ་ལྗགས་ཆེན་པོ་བསྒྲིལ་བ། ཞབས་གཉིས་ཟླུམ་པོའི་སྟབས་ཀྱིས་བཞུགས་པ་ཞིག་མངོན་སུམ་དུ་གཟིགས། ལྷག་པར་ཧོར་ཡུལ་ལ་འབྱོན་