R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༦༧བ
[A:༡༦༧བ]པ་མཁྱེན་པ་རྣམ་པར་དག་པ་ལ་གཉིས། ཐུན་མོང་གི་ཐབས་ཀྱི་མཁྱེན་པ་རྣམ་པར་དག་པ་དང་། ཐུན་མོང་མ་ཡིན་པའི་ཐབས་ཀྱི་མཁྱེན་པ་རྣམ་པར་དག་པའོ། །དང་པོ་ནི། སྒྲ་ཚད་ཕ་རོལ་ཕྱིན་དང་གསང་སྔགས་སོགས། །གཟིགས་པ་ཙམ་གྱིས་ཚིག་དང་དོན་བཅས་པ། །ལེགས་དགོངས་གཞན་ལ་ཕན་པ་ལྷུར་ལེན་པའི། །མཁྱེན་པའི་སྤྱན་རས་གསལ་བ་ཁྱོད་ལ་འདུད། །ཅེས་སོ། །གཉིས་པ་ཐུན་མོང་མ་ཡིན་པའི་ཐབས་ཀྱི་མཁྱེན་པ་རྣམ་པར་དག་པ་ནི། མནལ་ཚེ་འོད་གསལ་དག་གི་མཉམ་པར་འཇོག །མཐུ་སྟོབས་དབང་ཕྱུག་ཡི་དམ་གང་རུང་ལ། །ཉིན་མཚན་གང་ཡང་ཐེ་ཚོམ་གཅོད་མཛད་པས། །རིག་པའི་གནས་ལྔ་མཐའ་རུ་ཕྱིན་ལ་འདུད། །ཅེས་སོ། །གསུམ་པ་སྤང་བྱའི་དྲི་མ་དང་བྲལ་བ་ནི། གང་གི་ཀུན་སྤྱོད་ཉེས་པའི་དྲི་མ་བྲལ། །ལོག་སྨྲ་མཐར་སྤངས་བདེན་དོན་གསུངས་པ་པོ། །སྤྲོས་པ་མེད་ཐུགས་སྟོང་ཉིད་སྙིང་པོ་ཅན། །ས་གསུམ་སྙན་པར་གྲགས་པ་