R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༩༥ན
[A:༩༥ན]ཙམ་དུ་ཡུལ་གྱི་མི་མ་ཡིན་ཆོས་ལ་དཀར་བ་རྣམས་དང་། དམ་ལ་བཞག་པའི་འཇིག་རྟེན་པའི་ལྷ་འདྲེ་ཀུན་ཀྱང་གདུང་ལ་མཆོད་པར་བསམས་ནས་ཆོ་ངེས་འབོད་པ་དུ་མ་བྱུང་བ་ལ་སྐར་མ་རྟ་པའི་ཉ་བའི་ཚེས་བཅོ་ལྔའི་ཉིན་འཇའ་ཚོན་དང་མེ་ཏོག་གི་ཆར་མང་དུ་བབས། དེ་མན་ཆད་ཆོ་ངེས་ཀྱི་སྒྲ་མི་གྲག་པས། ཇོ་བོ་རྗེ་ལྷ་གཅིག་ལ་ཞུས་པ། འདི་འདྲའི་འཇའ་ཚོན་དང་མེ་ཏོག་གི་ལྟས་གང་ལགས་ཞུས་པས། བླ་མ་ལོ་ཙཱ་བ་བྱང་ཆུབ་སེམས་དཔའ་དེས་མི་མ་ཡིན་རྣམས་ལ་ཐུགས་བརྩེ་བར་དགོངས་ནས་ནམ་མཁའ་ནས་མི་རྟག་པའི་ཆོས་གསུངས་པས། མི་མ་ཡིན་རྣམས་ཆོས་ལ་བཀོད་པས་དེ་མན་ཆད་མྱ་ངན་སངས་པ་ཡིན་གསུངས་སོ། །ལོ་ཙཱ་བ་ཆེན་པོ་དེ་ནི་དུས་དིང་སང་ནུབ་ཕྱོགས་བདེ་བ་ཅན་དུ་མཁའ་འགྲོ་མ་གསེར་གྱི་གོ་ཆས་གདན་དྲངས་ནས། བཅོམ་ལྡན་འདས་མགོན་པོ་འོད་དཔག་མེད་པའི་ཞབས་དྲུང་ན་