R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༩༡ན
[A:༩༡ན]སར་ལོ་གཅིག་ཞར་ལ་མདོ་མང་ཆ་གསུམ། འབུམ་ཆ་བདུན། སྐུ་གསུང་ཐུགས་ཀྱི་རྟེན་དཔག་ཏུ་མེད་པའི་ཞབས་ཏོག་མཛད་དོ། །དེ་ནས་ཁ་ཆེ་གོ་ཁར་དུ་ཕ་ཚན་སྒོ་བཅུ་གསུམ་གྱིས་གཙུག་ལག་ཁང་བཞེངས་པ་རྣམས་རྨང་ཞག་གཅིག་ལ་འཆའ་བའི་གྲོས་བྱས། དེར་བླ་མ་ལོ་ཙཱ་བའི་ཐུགས་དགོངས་ལ་ཁོང་ཚོའི་གཙུག་ལག་ཁང་རྣམས་ཀྱི་སྔོན་འགྲམ་བཏིངས་ན་ཕྱིས་གཙུག་ལག་ཁང་ཐམས་ཅད་བརྟན་པར་དགོངས་ནས་ཞག་གཅིག་གི་སྔོན་ལ་འགྲམ་བཏིངས་པས། ཕ་ཚན་ཀུན་གྱིས་ཕྲག་དོག་བྱས་ནས། ལོ་ཙཱ་བའི་གཙུག་ལག་ཁང་ལས་ཁོང་རྣམས་ཀྱི་གཙུག་ལག་ཁང་མཐོ་བར་བྱས། ལྷ་བཟོ་བ་ཐམས་ཅད་ཕྱོགས་ཕྱོགས་སུ་བགོས་ནས་བཞེངས་སོ། །དེ་ནས་འཁྲུངས་ཡུལ་སྙུང་ཝང་རཏྣི་རུ་གཙུག་ལག་བྲེ་ཙམ་ཞིག་བཞེངས་པར་དགོངས་པ་ལ། སྨན་ཛ་ལ་མ་རི་བྱ་བའི་ལྷ་འདྲེ་གདུག་པ་ཅན་གྱིས་ཕྲག་དོག་གི་བར་ཆད་བྱེད་དུ་བྱུང་པ་དང་། དགུན་རྒྱ་