R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༨༦བ
[A:༨༦བ] གྲུབ་ཐོབ་རིན་ཆེན་དངོས་གྲུབ་ཅེས་བྱ་བར་འདུག དེ་དུས་ཁོ་བོ་བྱིན་གྱིས་རློབ་པ་ལ་ཕེབས་པར་འདུག་སྟེ། ཞལ་མ་འཚོ་བས་འགྱོད་པ་དྲག་པོ་སྐྱེས་གསུངས་སོ། །དེ་ནས་ཅུང་ཟད་བྱོན་པ་དང་། སྟག་གྲུས་མ་གཅིག་དང་འཕྲད་པས་ནགས་གསེབ་ནས་མི་རྐང་གི་སྒྲ་བྱུང་པས། སྟག་དེ་ལོགས་སུ་གཟུར་ནས་སོང་བས། ད་ཅིའི་བརྡའ་དེ་བྱིན་གྱིས་བརླབས་པ་ཡིན་པར་ཤེས་ནས་མོས་གུས་དྲག་པོ་སྐྱེས་གསུངས་སོ། །དེ་ནས་ཕར་བྱོན་པས། ཚོང་པ་མང་པོ་དང་འཕྲད་བསོད་སྙོམས་མཛད་པས་འབྲས་མང་པོ་བྱུང་། ནུབ་གཅིག་ཚོང་པ་རྣམས་ཀྱི་སར་གཟིམས་ཏེ་ཕྱི་ཉིན་ས་རྒྱུས་ལེགས་པར་དྲིས་ནས་ཉི་མ་དྲོས་ཀྱི་བར་བྱོན་པས། ཀ་ལ་ཝ་རི་བྱ་བའི་གྲོང་ཁྱེར་དུ་སླེབས། དེར་ཁ་ཆེའི་བྱིས་པ་རྣམས་འདུས་ཏེ། འདི་ལྟ་བུ་སྨྲ་ར་མེད་པ་དང་ལུས་ཀྱི་ཆ་ལུགས་ཟེར་ནས་བཞད་བགད་བྱེད་དུ་བྱུང་། དེར་ཁྱིམ་པ་རྒད་པོ་གཅིག་ལ་གནས་ཁང་གཡར་ཏེ་ཞག་འགའ་བཞུགས། ལན་གཅིག་གྲོང་དེའི་དབུས་སུ་བསོད་སྙོམས་ལ་བྱོན་ནས། བྲམ་