R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༨༤ན
[A:༨༤ན]་ན་ས་རྒྱུས་མེད་པས་གང་འགྲོ་མི་ཤེས་ཤིང་། ཡབ་ཡུམ་གྱི་ཐུགས་དཀྲུགས་ན་རང་ལ་བག་ཆགས་ངན་པ་འཇོག་པ་འདུག་པས། ཇི་ལྟར་བྱ་སྙམ་ཐུགས་མ་བདེ་བའི་ངང་དུ་བཞུགས་པ་དང་། ཡུམ་གྱིས་སྲས་ཀྱི་བྱད་ལ་གཟིགས་པས་ཤིན་ཏུ་གནག་པར་གཟིགས་ཏེ། བུ་ནའམ་ཅི་ཡིན་ངོ་ནག་པར་འདུག་ཅེས་དྲིས་པས། སྔར་གྱི་མཁའ་འགྲོ་མས་ལུང་བསྟན་པའི་ལོ་རྒྱུས་རྣམས་ཞིབ་ཏུ་བཤད་པས། ཡབ་ཡུམ་དང་མཆེད་ཟླ་རྣམས་གྲོས་བྱས་ཏེ། ཡབ་ན་རེ། བུ་འདི་མ་བཏང་ན་ཆོས་དང་སྲོག་གི་བར་ཆད་དུ་འགྲོ་བ་འདུག བཏང་ན་འོ་སྐོལ་རྣམས་ཀྱི་སྙིང་འགས་པ་ལྟ་བུ་འདུག་ནའང་། ད་བཏང་བ་ལས་ཐབས་མ་ཤེས་གསུངས་ནས། ཁ་ཆེར་བྱོན་ཆོག་པ་དང་། རྒྱ་གར་དུ་ད་ལན་ལས་མི་འབྱོན་པའི་ཆད་མདོ་བྱས། དེ་ནས་རང་གི་ཕུ་བོ་བཀྲ་ཤིས་རྩེ་མོ་བྱ་བའི་དགེ་བསྙེན་གཅིག་ལ་གྲོགས་བཅོལ་ནས་དགུང་ལོ་བཅོ་བརྒྱད་པ་ཕག་ལོའི་སྟོན་