R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༧༧བ
[A:༧༧བ]སྟོན་པ་ཐོགས་མེད་ཅེས་བྱ་བས་ཕྲག་དོག་བྱས་ཏེ། ཐིག་ལེའི་སྐོར་ལ་ཆོས་མ་ཡིན་ཞེས་སྨོད་དུ་བྱུང་བ་ལ། གྱི་ལྗང་གི་གསུང་ནས། འདི་ཆོས་མིན་ན་ང་ལ་མི་རུང་བ་ཤོག ཡིན་ན་ཁྱེད་ལ་མི་རུང་བ་ཤོག་གསུངས་ནས་ཆོས་སྐྱོང་དཔང་དུ་བཙུགས་ཏེ་མཐུ་བརྒྱབ་བྱས། དེའི་དུས་སུ་ཚར་དགུ་སྟོན་པ་ལ་སོགས་པའི་སློབ་མ་ཐམས་ཅད་བསགས་ནས། རྒྱུད་མ་བུ་བསྡེབས་ཏེ་ཚང་པར་བཤད་དཔོན་སློབ་རྣམས་ཀྱིས་བསྒྲུབས་པས། ལྷང་འཆང་སྟོན་པ་ལོ་མ་འགོར་བར་ཤི སྡོང་དུམ་བརྩིགས་པའི་སྦྱིན་སྲེག་གི་མེ་ལ། རྟ་ལ་སོགས་པ་སེམས་ཅན་མང་པོའི་ལུས་རིལ་པོ་སྲེག་རྫས་ལ་ཕུལ་བས། གྱི་ལྗང་དབུ་དཀར་གྱི་རིང་ལ་རྟ་ཁོག་ལ་གསོན་བསྲེགས་བྱུང་ཞེས་གྲགས་སོ། །དེ་ལྟ་བུའི་བཀའ་སྲོལ་མལ་ལོ་ཙཱ་བ་ནས་རྗེ་བཙུན་ས་སྐྱ་པ་ལ་ཡང་བརྒྱུད་དེ་བཞུགས་ཤིང་། ཡོངས་སུ་གྲགས་པའི་བརྒྱུད་པ་ནི། བྲམ་ཟེ་མཆོག་སྲེད། ནག་པོ་རོ་འཛིན། གྱི་ལྗང་དབུ་དཀར། ཚར་དགུ་