R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༧༦ན
[A:༧༦ན]ནས་ཆོས་ཞུས་པས། དགྱེས་པ་རྡོ་རྗེ་ཆ་མཐུན་པའི་རྒྱུད། ཕྱག་རྒྱ་ཆེན་པོ་ཐིག་ལེའི་སྐོར་དང་། ནག་པོ་ཆེན་པོ་འདིའི་ཆོས་སྐོར་རྣམས་ཚང་བར་གནང་། དེ་ཡང་དབང་དང་རྗེས་གནང་གི་སྐོར་ལ་མགོན་པོ་ལྷ་བཅུ་བདུན་མའི་དབང་། གཅེར་བུ་ཟངས་གྲི་ཅན་གྱི་རྗེས་གནང་། བྲན་བདུད་གཤིན་རྗེ་ནག་པོའི་རྗེས་གནང་། མན་ངག་གི་སྐོར་ལ་རྒྱུད་དུར་ཁྲོད་ནག་པོ་ཞེས་བྱ་བ་ལེའུ་བཅུ་གཉིས་པ་ཞིག་འཆད་ཐབས་ཀྱི་མན་ངག་གི་ཚིག་དོན་དང་འབྲེལ་ཏེ་བཤད་པ་ཆ་ཚང་བ། སྒྲུབ་ཐབས་ལ་མགོན་པོའི་སྒྲུབ་ཐབས། ལས་མགོན་གྱི་སྒྲུབ་ཐབས་གཉིས། དང་པོ་ལ་གང་ཟག་དབང་པོ་རབ་སྤྲོས་པ་ལ་མི་དགའ་བའི་ཆེད་དུ་མཁའ་འགྲོ་མ་རྡོ་རྗེ་གུར་དང་། རྒྱུད་དུར་ཁྲོད་ནག་པོའི་དགོངས་པ་ནག་པོ་ཆེན་པོ་ཉིད་ཀྱིས་ལུང་བསྟན་པ་ལྟར་ཕོ་རྐྱང་དཔའ་བོ་གཅིག་པའི་སྒྲུབ་ཐབས་ཕྱི་སྒྲུབ་ཏུ་གྲགས་པ། གང་ཟག་དབང་པོ་འབྲིང་གི་དབང་དུ་བྱས་ནས་ལས་ཀྱི་གཤིན་རྗེ་ཕོ་