R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༥༦བ
[A:༥༦བ]གསུམ་པོ་ཡང་བྱུང་། །ང་ཡིས་འདི་ཀུན་ཁྱབ་པ་སྟེ། །འགྲོ་བའི་རང་བཞིན་གཞན་མ་མཐོང་། །ཞེས་དང་། ཡང་དེ་ཉིད་ལས། འཆད་པ་པོ་ང་ཆོས་ཀྱང་ང་། །རང་གི་ཚོགས་ལྡན་ཉན་པ་ང་། །འཇིག་རྟེན་སྟོན་པ་བསྒྲུབ་བྱ་ང་། །འཇིག་རྟེན་འཇིག་རྟེན་འདས་པ་ང་། །ལྷན་ཅིག་སྐྱེས་དགའི་རང་བཞིན་ང་། །ཞེས་དང་། རྣལ་འབྱོར་མ་ཀུན་སྤྱོད་ལས་ཀྱང་། གར་མཁན་དག་དང་རི་མོ་བཟང་ལྟར་སྣང་། །གང་ཞིག་དྲུག་པ་ཞེས་བྱའི་སངས་རྒྱས་ཉིད། །གཅིག་པུ་ཉིད་ནི་དུ་མའི་གར་མཛད་དོ། །ཞེས་གསུངས་པས་སོ། །བདུད་མགོན་ཐོད་འཕྲེང་ཅན་འདི་ནི་ངེས་དོན་དུ་བཅོམ་ལྡན་འདས་དཔལ་ཧེ་རུ་ཀའི་ཐུགས་ཀྱི་སྤྲུལ་པ་ཡིན་པའི་ཚུལ་གོང་དུ་བསྟན་པ་ལྟར་ཡིན་ལ། དྲང་དོན་ཀུན་རྫོབ་ཏུ་བདུད་རྒྱལ་འདི་ཉིད་སྔོན་གྱི་དུས་སུ་བདུད་ནག་པོ་མཐུ་བོ་ཆེ་ཞིག་ཏུ་གྱུར་ནས་སེམས་ཅན་མང་པོའི་སྲོག་དབུགས་ལ་མངོན་པར་ལོངས་སྤྱོད་པར་གྱུར་པའི་ཚེ་བཅོམ་ལྡན་འདས་ཀྱིས་ལས་འབྲས་ཀྱི་ཆོས་