R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༥༡ན
[A:༥༡ན]ཀྱི་ནང་ཚན་དེ་ཝི་ཀོ་ཊ་ཞེས་པ། བོད་སྐད་དུ་ལྷ་མོའི་མཁར་ཞེས་པར་གནས་ནས་ཞིང་སྐྱོང་མ་མོ་ཐམས་ཅད་ཀྱི་གཙོ་མོ་མཛད་པར་བཤད། སྔོན་གྱི་བསྟན་བཅོས་འཆི་མེད་མཛོད་དང་། དེའི་འགྲེལ་པ་རབ་འབྱོར་ཟླ་བས་མཛད་པ་དང་། ཡང་སྣ་ཚོགས་གསལ་བ་ཞེས་བྱ་བ་མིང་གཞན་མུ་ཏིག་འཕྲེང་བ་སློབ་དཔོན་དཔལ་འཛིན་སྡེས་མཛད་པ་སོགས་ལས་དབུ་མ་དང་གཅིག་པར་བཤད་ནས་མིང་གི་རྣམ་གྲངས་དགུ་བཅུ་ཙམ་གསུངས་ཤིང་། གསང་སྔགས་རྙིང་མའི་རྒྱུད་རྣམས་ལས། སྔགས་སྲུང་ལྷ་མོའི་བསྒྲུབ་ཚུལ་རབ་ཏུ་མང་པོ་དང་། ལྷག་མའི་སྐབས་སུ་ཡང་རྒྱས་པར་བཤད་ལ། ཞར་བྱུང་ནཱ་རོ་པ་དང་། མར་ལོས་བསྒྱུར་བའི་ལྷ་མོ་དངོས་གྲུབ་འབྱུང་བའི་རྒྱུད་ཅེས་པ་བསྟོད་པ་ཏིལ་མར་མ་ནང་དུ་འབྱུང་བ་བླ་མ་དག་བཞེད་པའི་རྒྱུད་དེ་དང་། ལྷ་མོ་རྗེ་ཁོལ་གྱི་རྣམ་དབྱེ་དང་། དེ་དག་གི་སྐྱེ་རྒྱུད་སོགས་སྟོན་པ་རྙིང་མའི་རྒྱུད་གོང་དུ་སྨོས་པའི་མེ་ལྕེ་འབར་བ་སོགས་ཀྱིས་ཀྱང་གསལ་