R113: དཔལ་ལྡན་བླ་མ་རིན་པོ་ཆེ་བསོད་ནམས་བཟང་པོ་ལ་རྣམ་ཐར་གྱི་སྒོ་ནས་སྟོད་པ་དངོས་གྲུབ་ཀྱི་ཆར་གནས།

  • Pagination (Witness A): ༣༤བ
[A:༣༤བ] མོའི་ལྷ་ངར་སླེབ་ལ། ལྷུ་ཚིགས་རིང་ཞིང་རྩ་མི་མངོན་ལ་རྩ་མདུད་ཀྱང་མེད། སྐུ་ལུས་དྲང་ཞིང་ཡང་པོ་དང། འབར་འབུར་དང་ཁྱར་ཁྱོར་ནི། གོང་ལོ་གྱ་བཅུའི་དུས་ནའང་མེད་ལ། དབུ་སྐྲའང་འཇམ་ཞིང་མ་འཛིངས་པ་ནས་གྱ་བཅུ་པ་ནས་དཀར་པོར་སྣང་པ་ཡོད། ཚེམས་ནི་གྱ་གསུམ་པ་ལ་འགྲམ་ནས་གཅིག་བྱོན། གྱ་ལྔ་པའི་དུས་གཅིག་ཏེ། འགྲམ་གྱི་གཉིས་མ་བརྟོགས་ཚེམས་གྲལ་མ་ཞིག་ལ། མཐར་གོ་གསུམ་པ་ལ་ཕེབས་པ་ནའང། སྔར་གྱི་གཉིས་དང་གསུམ་བྱོན། གསུམ་པོའི་ཤུལ་དུ་རེ་རེ་འཁྲུངས་འདུག་ནའང། སོའི་དོན་བྱེད་ནི་མི་ནུས་པར་འདུག་གསུང། དེས་ན་ཚེམས་མཉམ་ཐགས་བཟང་ཀུན་ད་ལྟར་དཀར་བ་སོགས་ཀྱི་ཡོན་ཏན་དང་ལྡན་ལ། དབུའི་གཙུག་གཏོར་གསལ་པོར་འཕགས་པ་ནི་མི་མངོན་ལ། ཟླུམ་ཞིང་རྒྱས་པ་དང་། སྤྱན་ཡངས་པ་དང། རྫི་མ་སྟུག་ལ་དབྱིབས་བམ་ལྟ་བུ་དང། མ་འཛིངས་པ་དང། གསང་བའི་སྦ་བ་ནི། ཞལ་སྔ་ནས་ཀྱང། ད་སྒོམ་ཆེན་པ་བྲོས་ནས་མི་འདའ་ཞེས་སྐབས་སུ་གསུང་ལ། དོན་གྱིས་ཕྱིར་མི་འབུར་བའོ། དེས་ན་སུམ་བཅུའི་མཚན་མངའ་ལ། སེན་མོའི་མདོག་ཟངས་དང་མཚུངས་པ་དང། མདོག་སྣུམ་པ་དང། སེར་མོ་ཐམས་ཅད་དབྱིབས་ཟླུམ་ཞིང་རྒྱས་པ་དང། བྱིན་གྱི་ཕྲ་བ་དང། སྤྱན་ཡངས་པ་དང། པདྨའི་འདབ་མ་འདྲ་བ་དང། སྐུ་མཐོང་བ་ཙམ་གྱིས་ཀུན་གྱི་ཡིད་འཕྲོག་པར་ནུས་པའི་ཕྱིར། ལྟ་བས་ཆོག་མི་ཤེས་ཤིང་མཚུངས་པ་མེད་པ་སོགས་ཡོད་དེ། ཡི་གེ་མངས་པས་རྒྱས་པར་མ་སྤྲོས་པ་ཡིན་ནོ། ཁྱེད་སྐུ་ཉིན་བྱེད་དཀྱིལ་འཁོར་རྒྱས་པ་དེ། ཐུབ་བསྟན་པདྨའི་ཚལ་རྒྱས་གེ་གསར་བྱེ། སྡོམ་གསུམ་སྐྲ་རྩེའི་བཅུད་ཀྱི་བུང་བ་ཚིམ། འཆི་བདག་སྒྲ་ཅན་ཟིལ་མནན་ཁྱེད་ལ་འདུད། དེའང་སྐུ་དངོས་ཀྱི་སངས་རྒྱས་ཀྱི་བསྟན་པ། བཤད་སྒྲུབ་གཉིས་ཀྱིས་རྒྱས་པར་མཛད་པ་ནི་བསམ་གྱིས་མི་ཁྱབ་ལ། ཚོགས་ཀྱི་མཁན་སར་