R113: དཔལ་ལྡན་བླ་མ་རིན་པོ་ཆེ་བསོད་ནམས་བཟང་པོ་ལ་རྣམ་ཐར་གྱི་སྒོ་ནས་སྟོད་པ་དངོས་གྲུབ་ཀྱི་ཆར་གནས།

  • Pagination (Witness A): ༣༢ན
[A:༣༢ན] བཟང་པོས་གཙོས་པའི་ཆོས་ལ་འདུས་པ་བྱིན་ལ་གནང་བྱིན་དང། ཞལ་ལྟ་མང་པོ་གནང། དགུ་པའི་ཚེས་གསུམ་ནས། སྔར་བརྩལ་བ་བཞིན། ཐོག་མར་ཨེ་ལྷུས་ལྟ། མ་ལྷུས་ན་ལམ་དུ་འཁྱེར་བ་ཡིན་གསུང་ནས། སྐུ་མཚམས་གདམས། གཞན་རྣམས་ཀྱིས་ཀྱང་གསོལ་བ་དྲག་པོ་བཏབ། ཟླ་བ་བཅུ་པའི་ཚེས་བཅུ་གཅིག་གི་ཐོ་རངས་ཁ། ཤར་རིའི་རྩེ་ལ་ཉིན་བྱེད་ཤར་བ་དེ། སྤྲིན་ནག་འཐུག་པོས་སྒྲིབ་པར་གནང་ན་ཡང། ཐོར་ཞུང་དྲག་པོས་སྤྲིན་ནག་ཕྱོགས་བཅུར་སྟོར། ཉི་མ་སྤྲིན་མེད་མཁའ་དབྱིངས་འོད་སྟོང་འཕྲོ། ཆུ་སྐྱེས་འདབ་སྟོང་རྒྱས་པའི་གཉེན་དང་གྲོགས། འགྲོ་བའི་ཐེ་ཐོག་སྨིན་པའི་དཔལ་དང་མགོན། ཟླ་བ་དཀྱིལ་འཁོར་རྒྱས་པ་ཉ་གང་པ། སྒྲ་ཅན་གདུག་པས་འཛིན་པར་རྩིས་ན་ཡང། བསོད་ནམས་སྟོབས་ཀྱི་སྒྲ་ཅན་ཁ་ནས་ཐར། ཟླ་བ་སྒྲ་མེད་མཁའ་དབྱིངས་འོད་དཀར་འཕྲོ། མེ་ཏོག་ཀུ་མུད་རྒྱས་པའི་གཉེན་དང་གྲོགས། མཚན་མོ་མུན་ནག་སེལ་བའི་དཔལ་དང་མགོན། རྒན་པོ་མྱུར་དུ་འཆི་བའི་འཆི་ལྟས་ཤར། རིམ་འགྲོ་མན་ངག་ཟབ་མོས་རེ་ཤིག་ལྷོགས། ལོ་གསུམ་འཚོ་བའི་རྟགས་དང་རྟེན་འབྲེལ་མཛོམས། བློ་བུར་འཆི་བདག་སུས་ཀྱང་བློས་མི་ཆུད། འོན་ཀྱང་དཀོན་མཆོག་བྱིན་རླབས་བསམ་མི་ཁྱབ། དེ་ཡིས་དེ་དག་འཆི་བདག་བདུད་ལས་སྐྱོབས། ཅེས་གསུངས་ནས། ལོ་གསུམ་གྱི་བར་གསད་ཀྱང་མི་འཆི་མཚམས་ཁྲོལ་གསུང། དེ་ནས་ལོ་ལྔ་གཞུགས། དེའི་ལོ་འཚམས་ལ་ཆོས་རྗེ་དོན་པ་དང། ཐ་ཁྱམ་ཆེན་པོ། ཏའི་ཉ་བཞིན། གསུང་ཏ་བཞིན། བྱང་ཏ་བཞིན་དང་བཅས་པ་རྣམས་ཀྱི། གོང་མ་རྒྱལ་པོ་ཆེན་པོའི་ལུང་དང། གངན་སྦྱིན་གཞན་ཡང། བྱང་ངེས་རྒྱལ་བུ། བྱང་ཅི། ཇི་གོང། ཡང་ཆོས་རྗེ་སོང། བུ་སློབ་རྣམས་དང་ཕོ་རང་ནང་གི། རྩུན། མོ་ཏ་བཞིན། དུ་སྲི། དྲི་འོས་ཏེ། ཆོས་རྗེ་རང་