R113: དཔལ་ལྡན་བླ་མ་རིན་པོ་ཆེ་བསོད་ནམས་བཟང་པོ་ལ་རྣམ་ཐར་གྱི་སྒོ་ནས་སྟོད་པ་དངོས་གྲུབ་ཀྱི་ཆར་གནས།

  • Pagination (Witness A): ༣༠བ
[A:༣༠བ] བསྡུས་དོན། ཕར་ཕྱིན་གྱི་དོན་བདུན་བཅུ་ཙམ་གཅིག་ཏུ་བས་ལ། མཁན་པོའི་གོ་ས་བཏད་ནས། བརྩམ་ཆོས་བསམ་གྱིས་མི་ཁྱབ་པ་ལས། གཙོ་ཆེ་བ་ནི་དུས་འཁོར་ཡོངས་རྫོགས་དང། ལྷ་དགུའི་བསྒྲུབ་ཐབས་དབང་ཆོག། སྦྱིན་སྲེག། རབ་གནས། གཤིན་རྗེ་པོ་རྗེས་འཛིན་དེའི་ཁྲིད་ཡིག་དང། ངོ་སྤྲོད། བསྟན་རྩིས། བདེ་མཆོག་མཁའ་འགྲོ་རྒྱ་མཚོའི་བསྒྲུབ་དཀྱིལ། གསང་འདུས་གཉིས་མེད་ཉམ་རྒྱལ་གྱི་སྒྲུབས་དཀྱིལ། རྡོ་རྗེ་ཕྲེང་བའི་བསྒྲུབ་དཀྱིལ། ས་ཆོག། ཐིག་རྩ་ཡན་ཆོད་ཚང་བ། རྟ་མགྲིན་གྱི་སྒྲུབ་དཀྱིལ། གསེར་སྐྱེམས། ཚེ་དབང། ཚོགས་ཐ་མ། ས་ཆོག། འཆིས་བཤད། ཀུན་མཁྱེན་མུ་པྲད་པའི་རྣམ་ཐར། བཅུ་གཅིག་ཞལ་གྱི་བླ་མ་རྒྱུད་པའི་རྣམ་ཐར། དོན་ཞགས་ཀྱི་ལོ་རྒྱུས། ཞལ་བཅུ་གཅིག་པའི་དབང་དང། དེ་གཉིས་ཀའི་གཟུངས་བསྒྲུབ་དང། བསྒྲུབ་སྐོར་སོགས་
ཡིག་ཆ་
ཚང་མ། འབྱུང་པོ་འདུལ་བྱེད་ཀྱི་སྐོར་ཆ་ལག་དང་བཅས་པ། མི་གཡོ་བ་སྔོན་པོའི་བསྒྲུབ་སྐོར། རྗེས་གནང་དང་བཅས་པ། ན་རོ་མཁའ་སྤྱོད། ཕག་དཀར་དབྱངས་ཅན་མ་དཀར་པོ་རྣམས་ཀྱི་བསྒྲུབ་ཐབས་རྗེས་གནང་ལས་ཁ་ཚར་དང་བཅས་པ། ཚེ་དཔག་མེད་གྲུབ་རྒྱལ་མ་དང། ལྷ་དགུའི་མངོན་དཀྱིལ་འཆི་སྒུ་དང་བཅས་པ། ལྕགས་རལ་ཅན་དང་ཨར་རྩིད་ལྕམ་སྲིང། ཨར་རྩིད་སེར་པོ། མི་གཡོ་བ་སྔོན་པོ་རྣམས་ཀྱི་བསྒྲུབ་ཐབས། སྒྲོལ་མ་ཉེར་གཅིག་གི་མངོན་རྟོགས། སེམས་ཉིད་ངལ་བསོའི་ཁྲིད་ཡིག། དམར་ཁྲིད་ཚེམ་བུ་ལུགས་ཀྱི་ཁྲིད་ཡིག་རྒྱས་པ། ཀུན་རིག་གི་ཆོ་ག། ཕྱག་རྒྱ་བཞིའི་རྒྱས་འདེབས་སོགས་ཚང་མ། བྱང་ཆེན་གྱི་རྣམ་གཞག། ཐིག་ཚད། ཕན་ཡོན། ལྟམ་ཡིག། སྔོ་བ། ཤའི་གནང་འགག བླ་མ་རྣམས་ལ་གསོལ་འདེབས་ཀྱི་རིམ་པ་དང། དྲིས་ལན་