R113: དཔལ་ལྡན་བླ་མ་རིན་པོ་ཆེ་བསོད་ནམས་བཟང་པོ་ལ་རྣམ་ཐར་གྱི་སྒོ་ནས་སྟོད་པ་དངོས་གྲུབ་ཀྱི་ཆར་གནས།

  • Pagination (Witness A): ༢༨བ
[A:༢༨བ] སོགས་དང་། དེའི་ཟླ་བ་བརྒྱད་པ་ལ། བདག་ལ་བཀའ་ལུང་དུ་མ་གནང། ངེད་ཀྱང་འགྱོང་པར་འགྲོ་བ་ཡིན། དེའི་ནང་ནས་ཕར་ལ་གདམས་ངག་མང་པོ་ཡོད། ཐུགས་ལ་ཞོག་ལ་བསྟན་འཛིན་མཛོད་ཅིག་དང། རིང་པོར་མི་ཐོགས་ཞི་བའི་གནས་ཐོབ་འགྱུར།ཅེས་སོགས་གསུང་ལ། དེ་དུས་སྐུ་ཚེ་བྱིན་གྱིས་བརླབས་པའི་གསོལ་བ་བཏབ་པ་ན། ད་མི་ཕན་ཚར་གསུང་ངོ། རབ་བྱུང་མཛད་པའི་ཡར་ལམ་ཁྲོམ་སེར། ཞག་གཅིག་གཞུགས་པའི་གཟིམས་ཐེར་གྱི་ཤུལ་ན། དེ་ཀའི་རྒྱ་དང་མཉམ་པའི་མེ་ཏོག་ཁྲ་ཆིལ་ལེ་བ་ཤར། ད་དུང་དགུན་ཀྱང་དེ་ལ་མེ་ཏོག་ཡོང་ལ་དེའི་མཐར། མི་དང་མི་མ་ཡིན་གྱི་སྐོར་ལམ་ཀྱང་ཆགས་ཡོད་ཟེར། དེས་ན་བྱིས་པའི་ལུང་བསྟན་བཞིན་། སྐུ་སྐྱེ་གཉིས་ཀྱི་རྩ་བའི་བླ་མ་མཛད་པ་ཡིན་ནོ། བསྙེན་བསྒྲུབ་རྣམ་གཞིས་ཉིན་མཚན་དུས་བདའ་ཞིང། དགའ་བཞིའི་འགྲོས་ཀྱིས་སྒྲིབ་གཞིའི་བག་ཆགས་བཅོམ། སྨིན་བྱེད་དབང་བཞིའི་སྦྱིན་པ་ཕྱོགས་བཅུར་བཏང་ངོ། སྐུ་གཞི་མངོན་གྱུར་ཆོས་རྗེའི་ཞབས་ལ་འདུད། ཅེས་པ་ནི་བསྙེན་བསྒྲུབ་རྣམ་པ་བཞི་ནི། སེར་བསྡུད་བསམ་གཏན་གཉེན་པའི་ཡན་ལག། སྲོག་རྩོལ་དང། འཛིན་པ་ཉེ་བར་བསྒྲུབ་པ། རྗེས་དྲན་དང་ཏིང་ངེ་འཛིན་ནི་བསྒྲུབ་པ་དང། བསྒྲུབ་པ་ཆེན་པོ་ཏེ་ཡན་ལག་དྲུག་གི་རྣལ་འབྱོར་གྱིས་ཉིན་མཚན་དུས་འདའ་ཞིང། དེའི་དབང་གིས་དགའ་བ་བཞིའི་འགྲོས་ཀྱིས། སད་པ་དང་རྨི་ལམ་དང་གཉིད་འཐུག་དང་། བཞི་པ་ཏེ་འཕོ་བའི་བག་ཆགས་ཀྱི་སྒྲིབ་པ་བཅོམ་པས། ཞི་བདེ་འགྱུར་མེད་ཀྱི་བདེ་བ་ཐོབ་པ་ཡིན་ལ། དེ་ལ་གནས་པའི་སྒོ་ནས། གདུལ་བྱ་རང་རང་གི་སྐལ་བ་དང་མཚམ་པར། དབང་བཞིའི་སྦྱིན་པ་ཕྱོགས་བཅུར་བཏང་བ་ནི། ནང་གི་དབང་རིགས་དྲུག་གིས་བསྡུས་པའི་སེམས་ཅན་
ཐམས་ཅད་
ལ་གནང་པ་ཡང་ཡིན་ལ། དབང་ཁྲལ་དང་ཡོན་ལ་ལྟོས་པ་མེད་པར་དཔལ་དུས་ཀྱི་འཁོར་ལོ་