R113: དཔལ་ལྡན་བླ་མ་རིན་པོ་ཆེ་བསོད་ནམས་བཟང་པོ་ལ་རྣམ་ཐར་གྱི་སྒོ་ནས་སྟོད་པ་དངོས་གྲུབ་ཀྱི་ཆར་གནས།

  • Pagination (Witness A): ༢༧བ
[A:༢༧བ] ཞལ་གཅིག་ཕྱག་བཞི་སྐུ་མདོག་དཀར། དེ་སྒོམ་བྱེད་པའི་སྐྱེ་བོ་ལ། ཡོན་ཏན་དཔག་མེད་འབྱུང་པར་འགྱུར། ཨོཾ་མ་ཎི་པདྨ་ཧཱུཾ། ཞེས་གསུངས་ནས། ཐམས་ཅད་ཡི་གེ་དྲུག་པའི་སྒོམ་ཟླས་ལ་བཀོད་པར་གདའ་ལགས། དེ་ནས་སྔོན་གྱི་གསོལ་བ་བཏབ་པའི་མཐུ་དང། སྨོན་ལམ་དང་རྟེན་ཅིང་འབྲེལ་པར་འབྱུང་པའི་ཆེད་དམ་བསམ་གྱིས་མི་ཁྱབ་པའི་སྟོབས་ཀྱིས། ཉེ་གནས་ཆེན་མོ་ཡན་བྱིན་ན་གཞུགས་པ་དང། ཡོན་བདག་སྟོབས་ལྡན་རྣམས་ཀྱིས་གསོལ་བ་བཏབ་པ་དང། སེམས་ཅན་མཐའ་ཡས་པའི་བསོད་ནམས་ལས། རྗེ་རིན་པོ་ཆེ་གོང་ལོ་གྱ་བཞི་གཞེས་དུས། འོལ་ཁའི་ཕུར་མཇལ་འཛོམས་ཀྱི་རྟེན་འབྲེལ་སྒྲིགས། གཞན་དག་གིས་རྗེ་པ་སྐུ་ནས་བྱོན་གྲགས་པས། སྤྲུལ་སྐུ་ཡར་ཕེབས་པ་འཐད་ཞུ་ནའང། ལམ་ཁར་ཉེས་བྱེད་མི་འབྱུང་པའི་ཞལ་གཞེས་དང། ལུང་བསྟན་བྱུང་པས། འབྲུའུ་སྣ་ནས་ལོག་མདའ་བར། ཤན་ལ་ཐེགས། གོང་མ་ཆེན་པོའི་དྲུང་ནས་ཀྱང། མར་ལན་འབན་ཚིགས་གླིང་ཁར་ཕེབས། དེ་ནུབ་ཡོན་ཏན་མཆོད་ལྡན་དུ་གཞུགས། སང་ཚ་གཞེས་བཏེག། ཆོས་ཀྱི་རྗེ་སྤྱན་སྔ་རིན་པོ་ཆེ་བསོད་ནམས་རྒྱལ་མཚན་དཔལ་བཟང་པོའི་ཞལ་སྔ་ནས། ཐར་མའི་ལྕང་བསེབ་ནང་དུ་ཕེབས་ནས། དེར་གདན་ཞུས། ཆོས་ཀྱི་གསུང་གླེངས་ཀྱི་དགའ་སྟོན་ཡུན་རིང་དུ་མཛད་ཅིང། སྣམ་སྦྱར་དམར་དམུག་གཅིག་དང། གཞི་ནག་སིག་གཅིག་གི་གནང་སྦྱིན་ཀྱང་མཛད། དེ་ནས་ཕྱིར་ཐེགས་ཏེ་ལེག་མཐའ་ནས་བདེ་ལེ་ལ་གདན་དྲངས། རིམ་གྱིས་འོལ་ཁར་ཕེབས།་ཆབ་ཚན་ཞག་ལྔ་མཛད་པའི་ཞག་བཞི་པ་ལ་སྤྲུལ་སྐུ་རི་པོ་ཆེ་ཕེབས་པའི་སྐད་ཆ་དང། ཇ་འདྲེན་ལ་དཔོན་བཀྲ་ཤིས་འབྱུང་གནས་སླེབ། སང་དེ་དེ་ནས་བཏེག། ཚུགས་ཞག་གཉིས་ཀྱིས། བཀྲ་ཤིས་ཐང་ཟེར་བ་དེར། དཔོན་སློབ་རྣམས་མཇལ་ཞག་