R113: དཔལ་ལྡན་བླ་མ་རིན་པོ་ཆེ་བསོད་ནམས་བཟང་པོ་ལ་རྣམ་ཐར་གྱི་སྒོ་ནས་སྟོད་པ་དངོས་གྲུབ་ཀྱི་ཆར་གནས།

  • Pagination (Witness A): ༡༡ན
[A:༡༡ན] པ་རྩ་བའི་རྒྱུད་དུམ་བུ་བཞི་པ། ཕྱི་མ། ཕྱི་མའི་ཕྱི་མ། རྒྱུད་ཉེ་བར་བསྡུས་པ་དང་བཅས་པ། དེའི་བཤད་རྒྱུད་རྡོ་རྗེ་རྩེ་མོ། ཐམས་ཅད་གསང་བའི་རྒྱུད།་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་རྒྱུད། ངན་སོང་སྦྱོང་རྒྱུད་རྟག་པ་ཕྱོགས་ན་པ། དཔལ་མཆོག་དང་པོ་ཞེས་པ། དུམ་བུ་དང་པོ་ཤེར་ཕྱིན་གྱི་དུམ་བུ་དང། གཉིས་པ་རྩ་བའི་རྒྱུད། རྒྱུད་ཕྱི་མ། དུམ་བུ་དང་པོ་དང་གཉིས་པའི་རྟོགས་པ་ཐམས་ཅད་བསྡུས་པ་རྒྱུད་དུམ་བུ་གཉིས་པ། རྟོག་པ་ཐམས་ཅད་ཀྱི་རྒྱུད། ཕྱི་མའི་རྩ་རྒྱུད། གསང་བ་རས་རིས་ཀྱི་ཆོ་ག། ཉོག་
པ་
སྒྲུབ་པའི་མཆོག་དང། ཕྱག་རྒྱའི་རྒྱུད་ཐམས་ཅད་ཀྱི་དོན་གཏན་ལ་འབེབས་པ། གསང་བའི་ཆོ་ག་དང། རྒྱུད་ཉེ་བར་བསྡུས་པ། དཔལ་སྐུ་གསུང་ཐུགས་གསང་བ་རྒྱན་གྱི་སྐོད་པའི་རྒྱུད། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད། བསང་བ་ནོར་བུ་ཐིག་གེ་ནོར་བུ་ཐིག་གེའི་རྒྱུད། རྣམ་སྣང་མངོན་པར་བྱང་ཆུབ་པ་རྣམ་པར་འཕྲུལ་པ་བྱིན་རླབས་ཀྱི་རྒྱུད། གསང་བ་མཆོག་གི་རིམ་པར་ཕྱེ་བ། ཕྱག་རྡོར་དབང་སྐུར་བ། དམ་ཚིག་གསུམ་བཀོད། བདེ་ལེགས་བདུན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པ། སྨན་བླའི་མདོ། འཇམ་དཔལ་རྩ་རྒྱུད། དཔའ་བོ་གཅིག་སྒྲུབ། འཇམ་དཔལ་ལ་སངས་རྒྱས་ཀྱི་བསྟོད་པ། བུ་མོ་བཞིས་བསྟོད་པ། ཞལ་ནས་གསུངས་པའི་གཟུངས་སོགས་དང། རྡོ་རྗེ་ཕུར་པའི་རྩ་རྒྱུད། ནག་པོ་ཆེན་པོའི་རྒྱུད་ལེའུ་ལྔ་བཅུ་པ། བེ་དུརྱའི་འོད་ཀྱི་གཟུངས། ནོར་བུ་རྒྱས་པའི་གཞལ་མེད་ཁང། མེ་ཁ་ལའི་གཟུངས། ཐུགས་རྗེ་ཆེན་པོ་པདྨ་དྲ་མའི་རྒྱུད། དོན་ཞགས་ཀྱི་ཆོ་ག་ཞིག་མོ། ཞལ་བཅུ་གཅིག་པའི་སྙིང་པོ། པདྨ་ཅོད་པན་གྱི་རྒྱུད། འཇིག་རྟེན་དབང་ཕྱུག་གི་རྟོག་པ། ཀུན་ཏུ་བཟང་པོ། ནམ་ལ་ཀར་ཎ་ཐ་ ཧ་མ་མགྲི་བ་རྣམས་ཀྱི་གཟུངས་སོགས་གཟུངས་འདུས་ཚང་མ། ཕྱག་རྡོར་རྡོ་རྗེ་ས་འོག། གོས་སྔོན་ཅན་གྱི་རྒྱུད་ལེའུ་བཅུ་གསུམ་མ་སོགས་དང། ཕྱག་རྡོར་འབྱུང་འདུལ་གྱི་བསྐོར། རྣམ་འཇོམས་ཀྱི་གཟུངས། རྡོ་རྗེ་རི་རབ་ཀྱི་གཟུངས། གོས་སྔོན་ཅན་གྱི་རྒྱུད་ལེའུ་བཅོ་ལྔ་པ་། རྡོ་རྗེ་མཆུ། རྡོ་རྗེ་གནམ་ལྕགས། འཕགས་པ་ལྕགས་མཆུ། རྡོ་རྗེ་གཏུམ་པོ། གསང་བ་རྒྱན་གྱི་རྒྱུད། གཏུམ་པོ་ཕྱི་མའི་རྒྱུད།