R113: དཔལ་ལྡན་བླ་མ་རིན་པོ་ཆེ་བསོད་ནམས་བཟང་པོ་ལ་རྣམ་ཐར་གྱི་སྒོ་ནས་སྟོད་པ་དངོས་གྲུབ་ཀྱི་ཆར་གནས།

  • Pagination (Witness A): ༩བ
[A:༩བ] བརླབས། འོད་གསལ་འཛིན་པའི་བསྒྲུབ་ཐབས། འཕོ་བའི་མན་ངག། འཕོ་བའི་བྱིན་རླབས། བསྲུང་པ་བྱིན་རླབས། ཕྱིར་ཟློག་གི་མན་ངག་ཆེས་གསང་མ། དེའི་རྒྱ་གཞུང་རྣམས་དཔལ་མཛིན་གྱིས་མཛད་པ། ལྷ་ལྔ་ལ་བརྟེན་པའི་འོད་གསལ་འཆར་རིམ་བདུད་རྩི་བྱིན་རླབས།་རྣམ་རྟོག་འོད་གསལ། བཅུ་གསུམ་མ་ལ་རྟེན་པའི་རྣལ་འབྱོར་བཞི་དང། ཏིང་ངེ་འཛིན་དང། ལྷ་མོ་འོད་འཆང་མའི་འཕོ་བའི་འཁྲུལ་འཁོར་དང་ཕྱིར་ཟློའི་བྱིན་རླབས། དགྲོམ་པ་སློབ་དཔལ་ནས་རྒྱུད་པའི་ཚེ་བསྒྲུབ། བ་རི་བའི་སྒྲུབ་ཐབས་རྒྱ་རྩ། ཨ་བྷ་ཡའི་བསྒྲུབ་ཐབས་རྒྱ་མཚོའི་ལུང་རྗེ་སྣང་དང་བཅས་པ། གདུགས་དཀར་ཅན་གྱི་བསྐོར། བ་རི་བ་ནས་རྒྱུད་པའི་གཏོར་ཆེན། བསྟན་པ་སྤྱིའི་དབང་། རིགས་གསུམ་སྤྱིའི་རིགས་གཏད། བདེ་མཆོག་དྲིལ་བུ་པའི་རིམ་ལྔ། བྱིན་རླབས་དང་བཅས་པ། མི་གཡོ་བ་བླ་མེད་ལྷ་དགུའི་དབང། རྩ་བའི་སྒྲོལ་མ་ལྷ་བཅུ་བདུན་མའི་དབང། སྒྲོལ་མ་དཀར་མོ་ཡིད་བཞིན་འཁོར་ལོའི་མངོན་རྟོགས་རྗེ་སྣང་ཆོས་རྗེའི་པས་མཛད་པ། སྒྲོལ་མ་བཙོན་འདོན། སྒྲོལ་མ་ལུས་དཀྱིལ་ལྷ་ཉེར་ལྔ་མ་སྒྲུབ་ཐབས་འཕགས་པས་མཛད་པ། དབང་ཆོག་བསྲུང་ལུང་པས་མཛད་པ། ཁྲོས་ནག་གཏེར་མའི་བསྐོར་ལ། དེའི་རྗེས་སྣང་རྒྱ་གཞུང། རྒྱུད་གསང་སྒྲུབ། འགྲེལ་པ་ཚེ་བསྲིང། འཆི་སླུ། བསམ་སྒྲུབ། མཁས་སྤྱོད་གནས་པ། གྲོང་འཇུག། མི་སྣང་པ་སྒྲུབ་པ། འཇིག་རྟེན་གཞན་དུ་འགྲོ་བ། རྡོ་རྗེ་ཁོལ་སྒྲུབ། བུ་མོ་འགུགས་འདོད། བསད་ཐབས། གསོ་ཐབས། ཆུ་འཕྲུལ་གཏོད་པ། སེར་འབེབས། མཁའ་འགྲོའི་སྐུལ། ཕག་མོའི་གསལ་འདེབས། གནད་འབེབས། གསང་སྒྲུབ། བསྟོད་པ། མཚམས་སྤྱོད་རྣམས་དང། ཁྲོས་ནག་བཀའ་མའི་ཆོས་བསྐོར་ལ། དབང་ཆོག། ལྷ་བཅུ་གསུམ་མའི་སྒྲུབ་ཐབས། ལུས་དཀྱིལ། ཚོགས་མཆོད། ཡི་གེ་བཞིའི་དོན། མཁའ་འགྲོའི་ཚེ་འཕེལ་སོགསཆོས་སྣ་ཉི་ཤུ། སྐུ་གསུམ་གྱི་བསྒྲུབ་ཐབས། ལས་ཚོགས་ཉེར་ལྔ། དེའི་ཞལ་ཤེས། ཁྱད་འཕགས་ཤིན་དུ་གསལ་བའི་ཡི་གེའི་གནད་རླུང་ལྔའི་སྒོམ་ཐབས། རྨེ་བཤག། ཐོར་བུ་བའི་ཡན་ལག་བརྒྱད། ཕྱི་ནང་གསང་གསུམ་གྱི་རབ་གནས། སྦྱིན་སྲེག། རོ་སྲེག། ཚེ་འདས་ཀྱི་ཆོ་ག། དྲག་པོ་ལས་བསད་པ། གསང་བ་ཁ་སྒྱུར། དབང་བཤད་སོ་ལྔ་པ། ཊ་ཀ་བའི་གནད་