R986: ཐོབ་ཡིག་བུམ་པ་བཟང་པོ།

  • Pagination (Witness A): 134
[A:134]འདིར་བྲིས་པ་འདི་དག་ནི་སྒྲོ་སྐུར་དང་བྲལ་བ་ཡིན་ནོ། །ཡང༌། ཟུར་དུ་གསུངས་པའི་མན་ངག་ལ། རྗེ་བཙུན་གྱིས་མཛད་པའི་བླ་མའི་རྣལ་འབྱོར་ཚར་གསུམ་ཁུག་པ། ཨཥྟའི་བྱད་བཟློག །གོ་ཆ་ལྔ་བསྲུང༌། རྟེན་འབྲེལ་བསྲུང་བ་རྣམས་སོ། །རྟེན་འབྲེལ་བསྲུང་བའི་ཆ་ལག་རྨི་ལམ་ངན་པ་ཞི་བར་བྱ་བ་དང༌། ནད་ཞི་བར་བྱ་བ་དང༌། དགྲ་ཞི་བར་བྱ་བ་ཡང་ཡོད་གསུང་བས་བཙལ་ལོ། །ལུང་གི་བརྒྱུད་པ་ནི། འབུམ་ཆེན་ཀུན་དགའ་དཔལ་འབྱོར་ཡན་སྒྱི་ཆུའི་དབང་བརྒྱུད་བཞིན་ལ། འབུམ་ཆེན་ལ་མཁན་ཆེན་ངག་དབང་དཔལ་བཟང༌། ཞ་ལུ་མཁན་རིན་ཆེན་བསོད་ནམས་མཆོག་གྲུབ། དེས་བདག་ལའོ། །ད་དུང་དཔྱད་པར་བྱའོ། ། གསུམ་པ་ནི། ཉི་གླིང་རྗེས་དགའ་ལྡན་གྲུབ་ཆེན་ཀུན་དགའ་དཔལ་བཟང་ལ། ལམ་ཟབ་དང་བིར་བསྲུང་གཉིས་གསན་པའི་བརྒྱུད་པ། གྲུབ་ཆེན་པས་དམ་ཆོས་གླིང་དང་མཁན་ཆེན་བྱམས་པ་བཟང་པོ་གཉིས་ཀ་ལ་གསན་པས་ཤེས། ལམ་ཟབ་ལུས་དཀྱིལ་མ། བིར་བསྲུང་དག་སྦྱར་མ་གཉིས། ཡིག་བརྒྱའི་བཟླས་ལུང༌། ཨཥྟའི་བཟླས་ལུང༌། ལུས་དཀྱིལ་དབང་རྒྱས་འབྲིང་བསྡུས་པ་གསུམ་ག་བསྐུར་བ། དབང་བཞི་ངོ་སྤྲོད་བྱིན་བརླབས། ཕྱག་རྒྱ་ཆེན་པོ་ཡི་གེ་མེད་པའི་བྱིན་བརླབས་ལུང་བཤད་དང་བཅས་པ་ཐོབ་པའི་བརྒྱུད་པ་ནི། རྗེ་ལྷ་དབང་ཕྲིན་ལས་ཀྱིས་སྒྱི་ཆུར་གསན་པའི་བརྒྱུད་པ་རྗེ་ཡོན་ཏན་ལྷུན་གྲུབ་ཡན་འདྲ་ཞིང༌། དེ་ལ་མཁན་ཆེན་བྱམས་པ་བཟང་པོ༑ གྲུབ་ཆེན་ཀུན་དགའ་དཔལ་བཟང༌། རྡོ་རྗེ་འཆང་ཚུལ་ཁྲིམས་བཀྲ་ཤིས། དེས་བདག་གོ ། ཉི་གླིང་བླ་མ་རིན་པོ་ཆེས་ལམ་སྐོར་ཕྱི་མ་བརྒྱད་ཀྱི་ལུང་དཔལ་གསེར་གླིང་པ་ལ་གསན་པས། གང་ཟག་བདུན་གྱིས་མཛད་པའི་ལམ་སྐོར་བརྒྱད་ལས། སློབ་དཔོན་པདྨ་བཛྲས་བསྐྱེད་རིམ་ཚུལ་དགུས་ཟབ་པ་རྗེ་བཙུན་གྱིས་གསལ་བར་མཛད་པའི་ལུང་གི་བརྒྱུད་པ་ནི། དོན་གཉིས་དབྱེར་མེད་རྒྱལ་བ་རྡོ་རྗེ་འཆང༌། །ཐབས་ཤེས་དབྱེར་མེད་