R87: རྗེ་བཙུན་རྡོ་རྗེ་འཆང་སྒོ་རུམ་པ་ཆེན་པོ་ཀུན་དགའ་ལེགས་པའི་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རིགས་སྔགས་ཀྱི་རྟོགས་པ་བརྗོད་པའི་གཏམ་ངོ་མཚར་ཡིད་བཞིན་གྱི་ཆུ་གཏེར་བཞད་པ།

  • Pagination (Witness A): ༣༠༡
[A:༣༠༡]ཏུ་དབང་བཞི་སོ་སོའི་མཉམ་གཞག་དང་རྗེས་སྤྱོད་ཀྱི་དམ་ཚིག་དང་སྡོམ་པ་རྣམས་ལ་ཉེས་ལྟུང་གི་ཆ་ཕྲ་མོས་ཀྱང་མ་གོས་ཤིང༌། ཁྱད་པར་སྐུ་མྱ་ངན་ལས་འདའ་ཁའི་བར་ཚུན་ཆད་དུ་བླ་མ་དམ་པ་རྣམས་བསྟེན་ནས་དབང་བསྐུར་བ་ཡང་དང་ཡང་དུ་གསན་པ་དང༌། རྒྱུན་དུ་ཡང་རྡོ་རྗེ་སེམས་དཔའ་དམ་ཚིག་རྡོ་རྗེའི་སྒོམ་བཟླས་ཐུན་བཞིའི་རྣལ་འབྱོར་དུ་མཛད་ཅིང༌། ལམ་གྱི་ཐུན་བཞི་ལ་དབང་བཞི་ལེན་པ་དང༌། རྡུལ་ཚོན་དང་རས་བྲིས་ལ་སོགས་པར་བདག་ཉིད་འཇུག་ཅིང་དབང་ཡང་ནས་ཡང་དུ་ལེན་པར་མཛད་པས་རིག་པ་འཛིན་པའི་དམ་ཚིག་དང་སྡོམ་པ་རྣམ་པར་དག་པའི་ཕྱིར། རྡོ་རྗེ་སློབ་དཔོན་ཆེན་པོ་བླ་ན་མེད་པ་ཡིན་པས། དམ་པ་འདི་ལྟ་བུའི་དྲུང་དུ་དབང་བསྐུར་བ་ཐོབ་པ་རྣམས་ཀྱང་མཆོག་ཏུ་སྐལ་བ་བཟང་བར་ཤེས་པར་བྱའོ། །དངོས་ཀུན་ལྷ་དང་ཡེ་ཤེས་རྣམ་རོལ་གྱིས། །དངོས་འཛིན་འཆིང་བ་རིང་དུ་བྱས་གྱུར་པས། །དངོས་གྲུབ་རྩ་བ་དམ་ཚིག་སྡོམ་པ་ཡི། །དངོས་ཀུན་ཉེས་པས་གོས་པའི་སྐབས་ཡོད་དམ། །དེ་ལྟར་གཞི་དམ་ཚིག་དང་སྡོམ་པ་རྣམ་པར་དག་པ་ལ་བརྟེན་ནས་དུས་དང་གནས་སྐབས་ཐམས་ཅད་དུ་རིམ་པ་གཉིས་ཀྱི་རྣལ་འབྱོར་ལས་ནམ་ཡང་མ་གཡོས་པར་ཐུགས་དམ་ཟབ་མོ་ཁོ་ནས་དུས་འདའ་བར་མཛད་པས། དཔལ་ཀྱེའི་རྡོ་རྗེའི་གཞིའི་བསྙེན་པ་ཁ་སྐོང་གི་སྦྱིན་སྲེག་དང་བཅས་པ་ཚར་གཉིས་མཛད་ཅིང༌། རྩ་བའི་སྔགས་འབུམ་ཕྲག་ཉི་ཤུ་རྩ་ལྔ་ལྷག་ཙམ་སོང་ལ། ཡི་གེ་བརྒྱ་པ་འབུམ་ཕྲག་བརྒྱད། ཨུཥྞཱི་ཥ་འབུམ་ཕྲག་བཞི་ཙམ་དང༌། ཨ་ར་པ་ཙ་ན་འབུམ་ཕྲག་བདུན་ཅུ་ལྷག་ཙམ་དང༌། ནོར་རྒྱུན་མའི་གཙོ་བོའི་སྔགས་འབུམ་ཕྲག་ཉི་ཤུ་རྩ་བདུན་དང༌། དཔལ་གུར་གྱི་མགོན་པོའི་ཡི་གེ་བདུན་པ་འབུམ་ཕྲག་བརྒྱ་ངེས། ཤཱ་ས་ན་འབུམ་ཕྲག་ཉི་ཤུ་