R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༤༢
[A:༤༢]བཅསབ་གུ་ལ་དང་ལྔ་ཡིན་ཞིང་། དགྲ་ངན་ནི། སྐྱབས་སེང་གི་ཕུ་བོ་ཡུལ་འཁོར་སྲུང་གི་བུ་འཐབ་དགའ་ལ་སོགས་བརྒྱའོ། དེ་དག་ནི་རྩོད་དུས་ཀྱི་འགོ་འཛུགས་(ཚུགས) པའི་དུས་བྱོན་པ་ཡིན་མོད། མཁས་པ་འགའ་ཞིག་གིས། རྒྱལ་པོ་སྐྱ་སེང་བཅོམ་ལྡན་འདས་ཀྱི་དུས་སུ་བྱོན་པས། བོད་ཀྱི་མི་ཡང་དེ་ཙམ་ནས་འཕེལ་ཞིང་བཤད་པ་ནི་མ་བརྟགས་པ་ཁོ་ན་སྟེ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་བྱོན་པ་དང་དུས་མཉམ་དུའང་། སྐྱ་སེང་གི་བུ་མོ་སྒྲོལ་མ་སོགས་སྐྱ་སེང་གི་རིགས་ཀྱི་རྒྱལ་པོ་སྲས་བཅས་ཡོད་ཀྱང་། དེ་དང་དགྲ་ངན་དཔུང་ཚོགས་བཅོམ་པའི་སྐྱབས་སེང་དོན་མི་གཅིག་སྟེ། སྐྱ་སེང་འདི་ནི་རྒྱས་པའི་བུ་ཡུལ་འཁོར་སྲུང་དང་སྐྱ་སེང་དང་བློ་ལྡན་གསུམ་གྱིས་ཟླས་ཕྱེ་བ་ཡིན་པས་ཐོག་མཚུངས་པའི་སྐབས་མེད་པའི་ཕྱིར་རོ། དེས་ན་བོད་ཀྱི་རྒྱལ་པོ་གཉའ་ཁྲི་བཙན་པོ། དགྲ་ངན་གྱི་རིགས་ཡིན་པར་འདོད་པའི་ལུགས་གཅིག་དང་། ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱི་སྲས་ལྔ་ཚིགས་ཡིན་ཟེར་བ་དང་། རྒྱལ་པོ་གཟུགས་ཅན་སྙིང་པོའི་སྲས་ཆུང་བ་སྟོབས་ཆུང་གི་སྲས་ལྔ་ཚིགས་ཡིན་ཟེར་བ་དང་། རྒྱལ་པོ་གཟུགས་ཅན་སྙིང་པོའི་སྲས་ཆུང་བ་སྟོབས་ཆུང་གི་སྲས་ལྔ་ཚིག་ཡིན་ཟེར་བ་དང་། པད་ས་ལའི་རྒྱལ་པོ་འཆར་བྱེད་ཀྱི་སྲས་མིག་མས་འགེབས་པ་སོར་མོ་དྲྭ་བས་འབྲེལ་བ་ཞིག་བྱུང་བས་སྐྲག་སྟེ་ཟངས་ཁ་སྦྱོར་དུ་བཅུག་སྟེ་གང་གཱ་ལ་བསྐྱུར་བ་ཞིང་པས་རྙེད་དེ་གསོས། ཆེར་སྐྱེས་པ་ན་སྔར་གྱི་གཏམ་བཤད་པ་ན་ཡིད་སྐྱོ་སྟེ་གངས་རིའི་བྲག་ཏུ་བྲོས་པ་ན། རིམ་གྱིས་ལྷ་རི་ཡོལ་བའི་ཁར་བྱུང་སྟེ། བཙན་ཐང་སྒོ་བཞིར་ཐོན་པ་ལས། བོན་པོ་རྣམས་རྨུ་ཐག་ལས་བྱོན་པས་ལྷ་ཡིན་ཟེར། ཁྱེད་སུ་ཡིན་བྲིས་པས་བཙན་པོ་ཡིན་ཟེར། གང་ནས་བྱོན་དྲིས་པས་ནམ་མཁའ་ལ་མཛུབ་མོ་སྒྲེང་ཞིང་། དེ་ཤིང་གི་ཁྲི་ལ་བཞག་སྟེ་མི་བཞིས་གཉའ་བ་ལ་ཁུར་