R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༣༦
[A:༣༦] དངོས་སུ་ཐོབ་ཅིང་། མཐར་ཀླུ་སྒྲུབ་ཀྱི་དབུ་སྦྱིན་པར་བཏང་ནས་བདེ་བ་ཅན་དུ་གཤེགས་པའི་ཚེ། ནཱ་ག་བོ་དྷིཨཱ་རྱ་དེ་ཝཟླ་གྲགས་གསུམ་གྱིས་གསོལ་བ་བཏབ་པས། སྐུ་ཅི་འདྲ་བའི་འོད་ཀྱི་ལུས་གཅིག་སྣང་བར་བྱས་ནས། གར་ཡང་མ་རྟོག་ཅིར་ཡང་མ་སེམས་པར༎ བཅས་བཅོས་མེད་པའི་རང་བཞིན་རྣལ་མར་ཞོག༎ མ་བཅོས་སྐྱེ་མེད་རང་རིག་བྱང་ཆུབ་སེམས༎ དེ་ལྟར་རྟོགས་ན་སངས་རྒྱས་དེ་རང་ཡིན༎ ཞེས་གསུངས་པའི་གདམས་པ་གནང་ཞེས་སོགས་དང་། དེའི་ཚེ་ཨཱརྱ་དེ་ཝས། འགྲོའོ་ཨཱརྱ་དེ་ཝ་འགྲོ༎ འོད་ལུས་དག་པའི་ཞིང་དུ་འགྲོ༎ སོང་ཞིག་ནཱ་ག་བོ་དྷི་སོང་༎ རི་བྱ་རྐང་ཅན་དུ་འཕུར་ཏེ་སོང་༎ སོང་ཞིག་ཟླ་བ་གྲགས་པ་སོང་༎ དཔལ་གྱི་རི་ལ་རྟོགས་མེད་སོང་༎ ཞེས་སོགས་གསུངས་ཤིང་། ཟླ་བ་གྲགས་པས་ཀྱང་། ཆད་དོ་ཟླ་བ་གྲགས་པ་ཆདཀླུ་སྒྲུབ་གཤེགས་པས་ལམ་མཁན་རྒྱུན་ཐག་ཆད༎ མ་བཅོས་སྐྱེ་མེད་ཆོས་ཀྱི་རྒྱུན་ཐག་ཆད༎ ཡིད་ལ་མི་བྱེད་ཆོས་ཀྱི་རྒྱུན་ཐག་ཆད༎ ཅེས་སྨྲས་ནས་དཔལ་ལྡན་འབྲས་སྤུངས་ཀྱི་རི་ལ་བཞུགས། ཞེས་སོགས་བཤད་པས་སོ། འོ་ན་གོང་གི་སྒྲུབ་བྱེད་དེ་ལ་ལན་ཇི་ལྟར་སྙམ་ན། ཁོ་བོ་ནི་གོང་དུ་བཤད་པ་ལྟར་ཀླུ་སྒྲུབ་ཀྱི་དབུ་སྦྱིན་པར་གཏོང་གོང་དུ་ལོ་དྲུག་བརྒྱ་ལས་མ་བཞུགས་ཀྱང་། མཐར་དབུ་དང་སྐུ་ལུས་འབྱར་ནས་ཡུན་རིང་དུ་བཞུགས་སམ་སྙམ་སྟེ། དབུ་སྦྱིན་པར་གཏོང་བའི་ཚེ། ང་ནི་བདེ་བ་ཅན་གྱི་འཇིག་རྟེན་དུ༎ སོང་ནས་ལུས་འདི་ལ་ཡང་འཇུག་པར་འགྱུར༎ ཞེས་དབུ་བཅད་པའི་མཚམས་ནས་ཚིགས་བཅད་དེ་ལྟར་བྱུང་ཞེས་པ་ལྟར། མཐར་དབུ་དང་སྐུ་ལུས་འགྲིག་སྟེ། འགྲོ་དོན་མཛད་པ་ལས་ཤེས་པའི་ཕྱིར་རོ། འདིའི་རྣམ་ཐར་མི་