R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༢༢
[A:༢༢] བཤད་པ་ལས། ལྷས་བྱིན་གྱིས་དགྲ་བཅོམ་མ་བགུམ་པའི་མཚམས་མེད་སོགས་བྱེད་གོང་། མ་སྐྱེས་དགྲས་ཡབ་གཟུགས་ཅན་སྙིང་པོ་བཀྲོངས་ནས་མེད་པར་འདུལ་ལུང་ལས་བཤད་པ་དང་ཇི་ལྟར་མི་འགལ་གསལ་བར་ལུང་སྟོན་ཅིག། ཁོ་བོས་རེ་ཞིག་སྨྲ་བར་མ་སྤོབས་སོ། དུས་ཆེན་དེ་གཉིས་ཀྱི་ཟླ་ཚེས་ལ་ལྷ་བབས་དབྱུག་པ་ཟླ་བའི་ཚེས་བཅོ་ལྔ་ལ་མཁས་པ་ཕལ་ཆེར་ངོས་འཛིན་ལ། མཁས་པ་རྡོ་རྗེ་རྒྱལ་མཚན་སོགས། རིལ་ཚེས་ཀྱི་དབྱུག་ཟླའི་ཉེར་གཉིས་ལ་ངོས་འཛིན་ཏེ། རྒྱུ་མཚན་ཚེས་བཅོ་ལྔའི་ཉིན་མོའུ་གལ་གྱི་བུས་སྟོན་པ་འཛམ་གླིང་དུ་ཕེབས་པར་གསོལ་བ་ན། ད་སྟེ་ཞག་བདུན་ནས་འོང་ངོ་ཞེས་ཞལ་གྱིས་བཞེས་པའི་ཕྱིར་གསུངས་སོ། ཆོ་འཕྲུལ་གྱི་ཟླ་བ་མཆུ་ཟླ་དང་དབོ་ཟླ་ལ་ངོས་བཟུང་བའི་མཛངས་བླུན་གྱི་དཔེ་གཉིས་སྣང་བ་ལས་མཁས་པ་རྡོ་རྗེ་རྒྱལ་མཚན་སོགས། མཆུ་ཟླ་ལ་ངོས་བཟུང་བ་འདི་དག་སྟེ། རྒྱུ་མཚན་བྱམས་པ་ལུང་བསྟན་པའི་མདོ་ལས། ཆོ་འཕྲུལ་ཝའི་ཟླ་བ་ཞེས་བཤད་པ་ལས། དེ་ཉིད་ཚེས་བཅུ་བཞི་ལ་སྐར་མ་ཝ་དང་། བཅོ་ལྔ་ལ་མཆུས་ཉ་བའི་དགུན་ཟླ་གསུམ་པ་ལ་འབྱུང་གི་དབོ་ཟླ་ལ་མི་འབྱུང་བའི་ཕྱིར་རོ། ཞེས་གསུངས་པ་ལྟར་བཟུང་ངོ།
ཏིའུ་ར་པས་སྟོན་པ་ང་གཅིག་པ་ལ་བྱ་རྒོད་ཕུང་པོའི་རི་ལ་ཤེར་ཕྱིན་དང་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་བསྟན་པ་གསུངས་ལ་དེའི་མཆུ་ཟླའི་ཚེས་བཅོ་ལྔའི་བར་ལ་ཆོ་འཕྲུལ་བསྟན། དེ་ནས་སུམ་ཅུ་རྩ་གསུམ་དུ་ཡུམ་བདེན་པ་ལ་བཀོད། འོག་མིན་གྱི་བར་དུ་རིམ་པས། དམ་ཚིག་གསུམ་བཀོད་གསུངས། དབྱུག་ཟླའི་ཉེར་གཉིས་ལ་གྲོང་ཁྱེར་གསལ་ལྡན་དུ་ལྷ་ལས་བབས། ལྷས་བྱིན་གྱིས་དབྱེན་བྱས་པ་མཆོག་ཟུང་གིས་བསྡུམས། ཀོའུ་ཤམབྷིར་གངས་ཅན་གྱི་ཀུན་དགའ་ར་བར་